འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས15ཉིན་གྱི་སྔ་དྲོ། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་ཆིས་དབྱིན་ཧའེ་ཡིས་གྲོང་ཁྱེར་ཡིག་སྐུར་ངོ་བཅར་ཅུས་སུ་ས་ཁུལ་རིམ་པའི་འགོ་ཁྲིད་ཀྱི་ཞུ་ལེན་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
ཞུ་ཉན་ཡུལ་དངོས་སུ་ཆིས་དབྱིན་ཧའེ་ཡིས་ངོ་ཐུག་གདོང་འཕྲད་ཀྱི་ཐོག་ནས་ངོ་བཅར་ཡོང་མཁན་མང་ཚོགས་ཀྱིས་ཞུས་པའི་གླ་ཕོགས་འགྱངས་ཆད་སྐོར་གྱི་གནས་ཚུལ་ཞིབ་ཕྲ་གསན་པ་དང་ཆབས་ཅིག་གླ་སའི་ཚན་པ་དང་ཆད་པའི་དངུལ་གྲངས། ཆད་པའི་དུས་ཡུན་སོགས་ངང་རྒྱུད་རིང་པོས་བཀའ་འདྲི་ཞུས་ཏེ། གནད་དོན་རེ་རེ་བཞིན་གསེད་བཀྲོལ་བྱས་ནས། ཡུལ་དངོས་སུ་འབྲེལ་ཡོད་གནད་དོན་མཐུན་སྦྱོར་ཐག་གཅོད་དང་གླ་ཕོགས་ཀྱི་རྩོད་གཞི་ཡོངས་སུ་བསལ་ནས། མང་ཚོགས་གླ་པ་དག་གི་ཁེ་ཕན་འགན་སྲུང་གནང་ཡོད་པ་རེད།
ཆིས་དབྱིན་ཧའེ་ཡིས་གླ་པའི་གླ་ཕོགས་ནི་དམངས་འཚོའི་བདེ་རྩར་ཐུག་ཅིང་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པས། འབྲེལ་ཡོད་སྡེ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། འགན་འཁྲི་འཁུར་སེམས་ཆེར་བསྐྱེད་ཀྱིས་ལས་རིགས་ལ་ལྟ་སྐུལ་དོ་དམ་ཤུགས་ཆེ་རུ་གཏོང་རྒྱུ་དང་།མང་ཚོགས་ཀྱི་གླ་ཕོགས་ཆད་པའི་གནད་དོན་འབྱུང་རྩ་ནས་འབུར་འཇོམས་བྱེད་དགོས་པའི་ནན་བཤད་གནང་ཡོད།

