国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年05月19日

ཆབ་མདོ་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་ཚན་རྩལ་ཁང་སྒོ་ཕྱེས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་ཚན་རྩལ་ཁང་དངོས་སུ་སྒོ་ཕྱེས་པ་རེད། ཚན་རིག་ཁྱབ་གདལ་དང་བྱང་ཚད་སློབ་གསོ། ཡུལ་སྐོར་ཉམས་ལེན་སོགས་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཚན་རིག་ཁྱབ་གདལ་ཁང་འདིས་བོད་ཤར་ལ་ཚན་རྩལ་རིག་གནས་ཀྱི་ཁྱད་ཆོས་བསྣན་ཞིང་གཞོན་ནུ་ལོ་ཆུང་ལ་འཚོལ་ཞིབ་ཀྱི་ལམ་ཁ་བསྟན་ཡོད།

གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་ཚན་རྩལ་ཁང་དུ་འབྱོར་དུས། དེང་རབས་ཚན་རྩལ་གྱི་རྣམ་པ་ཅིག་ཅར་དུ་འཆར་འོངས། སློབ་གྲོགས་ཐམས་ཅད་བང་ལེགས་པར་བསྒྲིགས་ནས། ལྟ་སྐོར་འགྲོ་ཞོར་མྱོང་རོལ་བྱེད་ཞོར་གྱིས་ལྟ་ལ་མཛེས་པའི་ཚན་རིག་གི་བཤམས་རྫས་དང་གོ་སླ་ལ་ངེས་བདེ་བའི་ཚན་རིག་གི་གནས་ལུགས་ལས་དེར་འདུས་ཐམས་ཅད་ཡ་མཚན་ཞིང་ཧ་ལས་པར་གྱུར་ཡོད།

བོད་ཤར་གྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་ཁང་ཐོག་མ་དེ་ཡིན་པའི་ཆ་ནས། ཆབ་མདོ་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་ཚན་རྩལ་ཁང་གིས་ས་མཐོའི་ཁྱད་ཆོས་ལ་གཞིགས་ནས།“སྐྱེ་རྒུའི་འབྱུང་གནས་ས”དང་།“སྟོང་ཁམས་དཔྱོད་པའི་གནམ”“ཤེས་རབ་ཅན་གྱི་མི”སོགས་སྡེ་ཚན་ཆེན་པོ་གསུམ་དུ་གཙོ་བོར་འཛིན་ནས། སྲོལ་རྒྱུན་གྱི་ཚན་རིག་ཁྱབ་གདལ་གཏོང་སྟངས་ལས་བརྒལ་ཏེ། ས་ཁམས་དང་གནམ་རིག ། དངོས་ལུགས་དང་རྫས་འགྱུར་སོགས་ཚན་རིག་གི་ཤེས་བྱ་སྣ་མང་གཅིག་ཏུ་བསྡེབས་ནས། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་རྩེད་སྦྱོང་བསམ་གསུམ་གྱི་ཚན་རིག་གི་དགའ་ཚལ་ཞིག་གཏོད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་ཚན་རྩལ་ཁང་གིས་སྤྱི་ཕན་རིན་མེད་དང་སྔོན་མངགས་སྒོ་དབྱེའི་ལམ་ལུགས་བསྟར་རྒྱུ་དང་། ཚན་རྩལ་ཁང་འདི་སྒོ་ཕྱེ་པས་ཆབ་མདོ་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་ཚན་རྩལ་ཁྱབ་གདལ་གྱི་སློབ་གསོ་སྤེལ་སའི་སྟོང་ཆ་ལེགས་པར་བསྐངས་ཡོད་ལ་ས་མཐོའི་སློབ་ཕྲུག་ལ་ཚན་རིག་འཚོལ་ཞིབ་དང་གསར་གཏོད་བློ་འབྱེད། ཕུགས་འདུན་སྐྱེད་སྲིང་གི་མཐུན་རྐྱེན་གང་ལེགས་སྦྱར་ཡོད།