国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年05月19日

ཆབ་མདོ་གྲོང་ཁྱེར་གྱི་དམངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་དང་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཆབ་མདོའི་འཐུས་ཚབ་ཚོགས་པ་འདེམས་སྒྲུག་འགྲན་སྡུར་གཟབ་རྒྱས་ངང་འགོ་ཚུགས་པ།

ཆབ་མདོ་གྲོང་ཁྱེར་གྱི་དམངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་དང་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཆབ་མདོའི་འཐུས་ཚབ་ཚོགས་པ་འདེམས་སྒྲུག་འགྲན་སྡུར་དེ་ཐེན་ཅིན་ཆབ་མདོ་ལུས་རྩལ་རིག་གནས་ལྟེ་གནས་སུ་འགོ་ཚུགས་པ་རེད། འདི་ནི་འགོ་ཚུགས་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས16ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་གྱི་དམངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་དང་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཆབ་མདོའི་འཐུས་ཚབ་ཚོགས་པ་བདམས་གསེས་འགྲན་སྡུར་དེ་ཐེན་ཅིན་ཆབ་མདོ་ལུས་རྩལ་རིག་གནས་ལྟེ་གནས་སུ་འགོ་ཚུགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཤིས་ཚིག་ཕུལ་བ་མ་ཟད་འགོ་ཚུགས་པ་ཁྱབ་བསྒྲགས་ཀྱང་གནང་ཡོད། གྲོང་ཁྱེར་འགོ་ཁྲིད་ཉི་མ་ཚེ་རིང་དང་། བློ་བཟང་ཡེ་ཤེས། ཕུའུ་ཡུས་ཧུའེ་བཅས་ཡུལ་དངོས་སུ་ཕེབས་ཏེ་རྟེན་འབྲེལ་ཞུས་ཡོད།

རྔམ་བརྗིད་ལྡན་པའི《དགའ་བསུའི་མདུན་སྐྱོད་གླུ་དབྱངས》ཀྱི་འགྲོས་དང་བསྟུན་ནས། རྒྱལ་དར་དང་ཚོགས་རྟགས། དར་ཚོན་བཅས་ཀྱི་རུ་ཁག་རྣམས་ཐོག་མར་སྡིངས་ཆར་འཛེགས་པ་དང་། ཁ་རུབ་ཆུས་དང་འཇོ་མདའ་རྫོང་སོགས་རྫོང་ཆུས11གི་འཐུས་ཚབ་དང་། གྲོང་ཁྱེར་འཕྲོད་བསྟེན་ཁོངས་གཏོགས་དང་གྲོང་ཁྱེར་འཕྲལ་སྡོམ་ཁོངས་གཏོགས་སོགས་ཁོངས་གཏོགས་ཆེ་གྲས7གྱི་འཐུས་ཚབ་རྣམས་གོམ་སྟབས་བདེ་མྱུར་གྱིས་བསྒྱུར་ཏེ་ལུས་རྩལ་ཐང་དུ་བསླེབས་ཡོད།

ལའོ་ཆིན་འུའུ་ཡིས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ཡོད། ཁོང་གིས་སྔར་ནས་ད་བར། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད་ལ། ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་དམ་འཛིན་བྱ་ས་གལ་ཆེན་ཞིག་ཏུ་བརྩིས་ནས། སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་ཁའི་གཏམ་བཟང་ཡང་ཡང་བསྒྲགས་ཡོད། འགྲན་སྡུར་ལ་བརྟེན་ནས་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས། ལུས་རྩལ་དང་རིག་གནས་ཡུལ་སྐོར། འཛད་སྤྱོད་སོགས་ཐོན་ལས་དག་མཉམ་གཅིག་ཏུ་འཕེལ་རྒྱས་འགྲོ་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་བཏང་ནས།“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་མངོན་འགྱུར་ཡོང་ཆེད་ཟད་པ་མེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་ཡོད།