འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས6ཉིན། གྲོང་ཁྱེར་ཡོངས་ཀྱི་སྐོར་ཞིབ་ལས་དོན་ཚོགས་འདུ་དང་སྐབས་གཉིས་པའི་ཆབ་མདོ་གྲོང་ཨུད་ཀྱི་རེས་སྐོར་བཅུ་གཉིས་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།ཚོགས་འདུ་ཡིས་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ནི་དགོངས་པ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པས་དུས་རབས་གསར་པའི་སྐོར་གཟིགས་སྐོར་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་གོ་བ་ཡང་དག་ལེན་ནས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་དགོས་ཅེས་བསྟན།
ཐེངས་འདིའི་སྐོར་ཞིབ་དེ་སྐོར་ཞིབ་ཚོགས་ཆུང་ཁག་གཉིས་བགོས་ཏེ་གྲོང་ཁྱེར་སློབ་གསོ་ཅུས་དང་། ཞིང་ལས་དང་གྲོང་གསེབ་ཅུས། ཆུ་བེད་ཅུས། འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། ནགས་ལས་དང་རྩྭ་ཐང་ཅུས། སྡོད་ཁང་དང་འཛུགས་སྐྲུན་ཅུས་བཅས་ཚན་པ6གི་ལས་གྲྭ་འཛུགས་སྐྲུན་དང་དེ་བཞིན་འགན་ལེན་འཛིན་ཡིག་ལེན་པའི་ཁྱབ་ཁོངས་སུ་ཆེད་དོན་སྐོར་ཞིབ་བྱ་རྒྱུ་རེད།

