国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年05月05日

གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས“ལྔ་གཅིག”ཁོར་ཡུག་སྲུང་སྐྱོབ་ལས་བཟོ་པར་གཅིག་སྡུད་བཞུགས་མོལ་དང་འཚམས་འདྲི་བྱེད་པའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2026ལོའི“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སླེབས་ལ་ཉེ་བའི་མཚམས་སུ། འཐབ་ས་དང་པོའི་ཁོར་ཡུག་སྲུང་སྐྱོབ་ལས་བཟོ་པར་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་དྲོན་མོ་བརྒྱུད་བསྒྲགས་བྱ་ཆེད། ཟླ4པའི་ཚེས30ཉིན། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཅིག་སྡུད་བཞུགས་མོལ་དང་འཚམས་འདྲིའི་བྱེད་སྒོ་སྤེལ་ཏེ། གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་བཟོ་པ584ལ་དུས་ཆེན་གྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།

གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལས་བཟོ་པའི་འཐུས་མི20དང་བྱམས་བརྩེའི་བཞུགས་མོལ་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་ལས་བཟོ་པས་དུས་ཡུན་རིང་པོའི་ནང་ལས་གནས་བརྟན་སྲུང་དང་། ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ། ཆབ་མདོའི་མཁར་གྲོང་གི་ཁོར་ཡུག་ལེགས་བཅོས་དང་ཡ་རབས་འཛུགས་སྐྱོང་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་བྱས་པ་མ་ཟད། བཟོ་ཚོགས་ཀྱིས་རྒྱུན་མཐུད་ངང“ཁྱིམ་མིའི”ནུས་པ་འདོན་སྤེལ་བྱས་ཏེ་འཐབ་ས་དང་པོའི་ངལ་རྩོལ་པར་ཐུགས་ཁུར་དང་གཅེས་སྐྱོང་བྱ་རྒྱུ་ཡིན་པའི་བསམ་པ་བསྟན་ཡོད།

བྱེད་སྒོ་ཡུལ་དངོས་ཐོག་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལས་བཟོ་པར་བཀྲ་ཤིས་པའི་ཁ་བཏགས་གཡོགས་པ་མ་ཟད་འཚམས་འདྲིའི་དངུལ་ཡང་སྤྲད་ཡོད། ཐེངས་འདིའི་འཚམས་འདྲིར་ཁྱོན་སྒོར་ཁྲི58.4སྤྲད་ཡོད་པ་རེད།