国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年05月05日

“དམར་མདངས་ཆབ་མདོ། ཐེན་ཅིན་ལས་འཕྲད”ཅེས་པའི2026ལོའི་ཆབ་མདོའི་རིག་གནས་ཡུལ་སྐོར་ཐེན་ཅིན་འོས་སྦྱོར་བྱེད་སྒོ་འགོ་ཚུགས་པ།

པར་འདི་ནི་བྱེད་སྒོ་ཡུལ་དངོས་སུ་ཆབ་མདོའི་སྲོལ་རྒྱུན་གྱི་ཡིག་གཟུགས་འབྲི་རྩལ་འགྲེམས་སྟོན་བྱས་པས་གྲོང་མིས་དགའ་བསུ་ཆེན་པོ་ཐོབ་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། “ལྔ་གཅིག”ངལ་གསོའི་ཉིན་དང་པོར།“དམར་མདངས་ཆབ་མདོ། ཐེན་ཅིན་ལས་འཕྲད”ཅེས་པའི2026ལོའི་ཆབ་མདོའི་རིག་གནས་ཡུལ་སྐོར་ཐེན་ཅིན་འོས་སྦྱོར་བྱེད་སྒོ་ཐེན་ཅིན་ཧི་ཕིན་བག་ཆགས་གྲོང་དུ་འགོ་ཚུགས་པ་དང་། ཡུལ་ལྗོངས་ཧྲིལ་པོས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་རང་བྱུང་གི་མཛེས་ལྗོངས་བསྟན་ཞིང་ཁམས་པའི་རིག་གནས་ཀྱི་གདིང་གཞི་མཚོན་པ་དང་། 《2026ལོའི་ཆབ་མདོ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་སྐོར་གྱི་གཟེངས་བསྟོད་བྱེད་ཐབས》ཁྱབ་བསྒྲགས་བྱས་པ། ཐེན་ཅིན་གྱི་ཁེ་ལས་པ་དེ་བཞིན་རྒྱ་ཆེའི་གྲོང་མི་ཆབ་མདོར་བསྐྱོད་དེ་མ་འཇོག་ལས་དར་དང་། ཡུལ་སྐོར་མཛེས་ལྗོངས་མྱོང་རོལ་གྱིས་བོད་ཤར་གྱི་སྦས་ཡུལ་མཛེས་པ་ཉམས་སུ་མྱོང་བར་གདན་དྲངས་པ་རེད།

ཆབ་མདོ་གྲོང་ཁྱེར་ནི་བོད་ལྗོངས་ཀྱི་ཤར་ཕྱོགས་སུ་ཡོད་པ་དང་། དེ་ལ“བོད་ཤར་གྱི་མུ་ཏིག”ཅེས་པའི་མཚན་སྙན་ཡང་ཐོབ་ཡོད། དེ་ནི་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན་བཅས་ཀྱི་འབྲེལ་མཚམས་གལ་ཆེན་ཞིག་ཡིན་ལ། ཇ་རྟ་གནའ་ལམ་གྱི་གནས་ཡུལ་གལ་ཆེན། འབྲི་ཆུ་དང་། ངོམ་ཆུ། རྫ་ཆུ་བཅས་གནས་འདི་ནས་བཞུར་ཏེ“གཙང་གསུམ་མཉམ་རྒྱུག”གི་ངོ་མཚར་གྲུབ་ཡོད།

ཆབ་མདོ་གྲོང་ཁྱེར་ནི་ཐེན་ཅིན་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཡིན་ཞིང་། ལོ་མང་པོའི་རིང་། ཐེན་ཅིན་གྱིས་ས་གནས་ཀྱི་དགོས་མཁོར་གཞི་ཚུགས་པ་དང་ཐེན་ཅིན་གྱི་འཇོན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཆབ་མདོ་གྲོང་ཁྱེར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད“ཐེན་ཅིན་གྱི་སྟོབས་ཤུགས”ལེགས་སྐྱེས་སུ་ཕུལ་ཡོད།

ཐེངས་འདིའི་བྱེད་སྒོ་ནི་ཐེན་ཅིན་གྲོང་ཁྱེར་ག་སྦྱར་བོད་སྐྱོར་ལས་དོན་མདུན་ཕྱོགས་བཀོད་འདོམས་པུའུ་དང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་མཉམ་འབྲེལ་ཐོག་གཙོ་སྒྲུབ་བྱས་པ་དང་། དུས་ཡུན་ཉིན5རིང་། རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་དང་། མངོན་མིན་ཤུལ་བཞག་གླུ་གར་འགྲེམས་སྟོན། ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་། བརྗོད་དོན་པར་ལེན་འགྲེམས་སྟོན། མི་མེད་གནམ་གྲུ་འཁྲབ་སྟོན་སོགས་རྣམ་པ་སྣ་མང་གི་ལམ་ནས། ཆབ་མདོ་གྲོང་ཁྱེར་ནི“གསར་བརྗེའི་སྙིང་སྟོབས་ཀྱི་ཞིང་ས་དང་། ཁམས་པའི་རིག་གནས་ཀྱི་འབྱུང་གནས། གཙང་གསུམ་མཉམ་རྒྱུག་གི་སྦས་ཡུལ”བཅས་ཀྱི་ཐུན་མིན་གྱི་མཛེས་པ་མངོན་པར་བྱས་པ་དང་། སྐྱེ་ཁམས་ཡུལ་ལྟ་དང་རིག་གནས་ཞིབ་སྦྱངས། འཁོར་ཁྲིད་རི་ཀླུང་སྐོར་བའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་འོས་སྦྱོར། ཐེན་ཅིན་གྲོང་ཁྱེར་གྱིས་ཆབ་མདོ་གྲོང་ཁྱེར་ལ་ག་སྦྱར་རོགས་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན། ཆབ་མདོ་གྲོང་ཁྱེར་གྱི་པེ་ཅིན་ཐེན་ཅིན་ཧོ་པེ་ས་ཁུལ་གྱི་སྐད་གྲགས་ཆོད་ཚད་དང་བག་ཆཌ་འཇོག་ཤུགས་ཆེ་རུ་བཏང་བ་རེད།