འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས30ཉིན། 2026ལོའི་ཆབ་མདོ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་འདོམས་ཀྱི་གཅིག་སྡུད་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་གོ་འཇོར་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོ་ཡིས“སྲོལ་ཡིག་ལག་བསྟར་ཞིབ་སྲོལ་ལག་བསྟར་གྱིས། སྨན་བཅོས་འགན་སྲུང་ཐེབས་རྩའི་བདེ་འཇགས་ཡག་པོ་སྲུང”ཞེས་པ་བརྗོད་དོན་གཙོ་བོར་དམིགས་ཏེ། སྲིད་ཇུས་ཀློག་འགྲེལ་དང་དཔེ་གཞིར་བརྟེན་ནས་ཁྲིམས་ལུགས་གླེང་བ་དང་བདེ་ཐང་ཞབས་ཞུ་ཕན་ཚུན་ཟུང་འབྲེལ་གྱི་བྱ་ཐབས་ཐོག་ནས་སྨན་བཅོས་འགན་སྲུང་ཐེབས་རྩའི་བདེ་འཇགས་འདུ་ཤེས་དེ་ས་གནས་དེ་གའི་མང་ཚོགས་ཀྱི་སེམས་ནང་དུ་བསྐྱལ་བ་རེད།
བྱེད་སྒོ་ཡུལ་དངོས་སུ《སྨན་བཅོས་འགན་སྲུང་ཐེབས་རྩ་བེད་སྤྱོད་རྒྱུན་རྣམ་ཅན་དུ་འགྱུར་བར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ཀློག་འགྲེལ་བྱས་པ་དང་། མང་ཚོགས་ལ་སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་དང་། རྩིས་ཞུའི་བསྡུར་ཚད། སྨན་བཅོས་བརྒྱུད་རིམ། སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་འདོམས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ།མགོ་སྐོར་བསླུ་བྲིད་ཀྱི་རྒྱུན་མཐོང་གཡོ་ཇུས་དང་ཐེར་འདོན་ལྟ་སྐུལ་བྱེད་སྟངས་སོགས་ཀྱི་ནང་དོན་གསལ་བཤད་ཞིབ་ཕྲ་བྱས་པ་མ་ཟད། གློག་རྡུལ་སྨན་བཅོས་འགན་བཅོལ་བཤེར་རྟགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་འབྲེལ་ཡོད་གནད་དོན་ལ་དམིགས་ནས་ངང་རྒྱུད་རིང་པོས་ལན་བརྒྱབ་སྟེ་རྒྱ་ཆེའི་མང་ཚོགས་ཀྱིས་སྨན་བཅོས་འགན་བཅོལ་སྲིད་ཇུས་ལ་གོ་བ་སྔར་བས་ཡག་པ་ལོན་པར་བྱས་ནས་ཐེབས་རྩའི་ལྟ་འདོམས་ཤེས་རྟོགས་ཐུབ་ཚད་དང་། མོས་སེམས་ཐོབ་ཚད། དེའི་ནང་ཞུགས་ཚད་བཅས་མཐོ་རུ་བཏང་ཡོད།

