国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年05月05日

རང་རེའི་གྲོང་ཁྱེར་གྱིས་ན་གཞོན་ལས་ཞུགས་ལས་གཏོད་ཀྱི་ཉམས་མྱོང་མཉམ་སྤྱོད་དང་ན་གཞོན་དཔེ་ཀློག་འདུ་ཚོགས་གཉེར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས30ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གྲོང་ཁྱེར་སློབ་གྲྭ་ཆེ་མོ་བའི་ལས་གཏོད་སྡེ་ཁུལ་དུ“ན་གཞོན་སྟོབས་ཤུགས་གཅིག་ཏུ་སྒྲིལ། ལས་ཞུགས་ལས་གཏོད་ནུས་པ་སྩོལ། དཔེ་ཀློག་ཐོག་མའི་བསམ་འདུན་སྲུང”ཞེས་པ་བརྗོད་དོན་གཙོ་བོའི་ལས་ཞུགས་ལས་གཏོད་ཀྱི་ཉམས་མྱོང་མཉམ་སྤྱོད་དང་དཔེ་ཀློག་འདུ་ཚོགས་གཉེར་བ་དང་། ཆབ་མདོའི་ཐེམ་ཁུངས་ཡིན་པའི་མཐོ་སློབ་མཐར་ཕྱིན་སློབ་མ་དང་ཕ་ཡུལ་དུ་ལོག་པའི་ལས་གཏོད་ན་གཞོན་སོགས་མི50ལྷག་གདན་འདྲེན་ཞུས་ཏེ་ཞུགས་ཡོད།

བྱེད་སྒོ་ཡུལ་དངོས་སུ་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་མིག་སྔར་གྱི་ལས་ཞུགས་གནས་བབ་ལ་དབྱེ་ཞིབ་དང་། ལས་ཞུགས་ལས་གཏོད་སྲིད་ཇུས་ཀློག་འགྲེལ་བྱས་ཡོད། ས་གནས་དེ་གའི་ཕུལ་བྱུང་ན་གཞོན་གྱི་འཐུས་མི3གྱིས་ལས་གཏོད་ཉམས་མྱོང་མཉམ་སྤྱོད་བྱས་ཡོད།