འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྨར་ཁམས་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མཉམ་འབྲེལ་ཐོག་སྨར་ཁམས་རྫོང་གཙང་ཤོད་ཤང་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གསེར་ལྡན་དགོན་ཡན་ལག་ཁང་དུ་འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས31པ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་བྱེད་སྒོ་རབ་རིམ་སྤེལ་བ་རེད།
གོམ་སྟབས་རྗེས་མར། སྨར་ཁམས་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་ཐེངས་འདིའི་བྱེད་སྒོ་གཞི་རྟེན་དུ་བཟུང་ནས་རྒྱུན་རྣམ་ཅན་གྱིས་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་པ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཏུ་བཏང་སྟེ། རིག་དཔལ་དར་བའི་སྨར་ཁམས་འཛུགས་སྐྲུན་དང་ཡ་རབས་ཞི་མཐུན་གྱི་འཕེལ་རྒྱས་ཁོར་ཡུག་བསྐྲུན་པར་རིག་གནས་ཀྱི་སྒུལ་ཤུགས་ཆེན་པོ་བསྩལ་རྒྱུ་ཡིན་པ་རེད།

