འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གོ་འཇོ་རྫོང་གིས་སྐབས་གཉིས་པའི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་སྔོག་འཕྲུལ་དང་བླུག་འཁོར་གྱི་རྩལ་ནུས་འགྲན་སྡུར་གཉེར་བ་རེད། རྩལ་ནུས་བདམས་ཐོན་པ60ཧུར་ཐག་གིས་ཞུགས་ཡོད།
བླུག་འཁོར་གྱི་འགྲན་ཞུགས་བདམས་ཐོན་པ་ཨ་ནན་གྱིས་དགའ་སྤྲོས་ངང“ཨ་དབང་ཤང་གིས་ཐེངས་འདིའི་བྱེད་སྒོ་གཉེར་བར་ཧ་ཅང་ཐུགས་རྗེ་ཆེ་ཞུ། ང་ཚོར་རང་ཉིད་ཀྱི་འཇོན་ཐང་ངོམ་པ་དང་། ཕན་ཚུན་སློབ་སྦྱོང་། ལག་རྩལ་སྦྱོང་བརྡར་བཅས་ཀྱི་གར་སྟེགས་ཤིག་མཁོ་འདོན་བྱས་པ་དང་། རྗེས་མར་ང་རང་གིས་འདི་འདྲའི་རིགས་ཀྱི་འགྲན་སྡུར་ནང་ཧུར་ཐག་གིས་ཞུགས་རྒྱུ་ཡིན”ཞེས་བཤད།
གོ་འཇོ་རྫོང་མི་སྤྱི་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་རྩལ་ནུས་འགྲན་སྡུར་དམ་འཛིན་བྱ་གཞི་བརྩིས་ཏེ། ལས་རིགས་རྩལ་ནུས་གསོ་སྦྱོང་དང་ཐོན་ལས་འཕེལ་རྒྱས་གཏིང་ཟབ་ངང་མཉམ་འདྲེས་ཐུབ་པར་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་དང་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།

