འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས23ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་སྲིད་གྲོས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་གྱི་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་ཚོགས་འདུ་གཉེར་བ་རེད། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཧུའུ་ཏན་ཧྥུའུ་ཚོགས་འདུར་ཞུགས་ཡོད། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་ཅོན་གྱིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ནོར་བུ་ཚོགས་འདུར་ཞུགས་ཡོད།
ཚོགས་འདུའི་ཐོག་གྲོང་ཨུད་ཏང་གི་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་དགེ་རྒན་ཡང་ཡན་ཧུའེ་གདན་དྲངས་ཏེ་ཆེད་དོན་ཟུར་ཁྲིད་བྱས་པ་རེད། ཡང་ཡན་ཧུའེ་ཡིས་ཁ་བྱང་ལ《དངོས་ཐོག་བདེན་འཚོལ་དང་དངོས་འཚོལ་དོན་གཉེར་མཐའ་འཁྱོངས་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བའི་ནོར་འཛོལ་གནད་དོན་བཤེར་འདོན་ནན་པོ་དང་ཡོ་བཅོས་བྱེད་དགོས》ཅེས་པ་བརྗོད་དོན་དུ་བཟུང་ནས་རིགས་པའི་གཞུང་ལུགས་དང་། ལོ་རྒྱུས། དངོས་ཡོད་བཅས་ཕྱོགས་གསུམ་གྱི་ཐད་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བའི་ནང་དོན་དང་། ལག་ལེན་གྱི་བླང་བྱ། ཡོ་བཅོས་ཐབས་ལམ་བཅས་ལ་འགྲེལ་བཤད་བརྒྱབ་ཡོད་པ་རེད།
ཚོགས་འདུ་ཡིས་ལས་བྱེད་ལས་བཟོ་པ་ཡོངས་ཀྱིས་ཆབ་སྲིད་ཀྱི་ཐོག་མའི་བསམ་འདུན་སྲུང་བ་དང་ཏང་གཤིས་བརྟན་པོར་བརྟེན་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་དོས། ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ལག་ལེན་བསྟར་དགོས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་འགྲེངས་ཏེ། འགན་སྒྲུབ་དང་དངོས་ཕན་ལ་བརྟེན་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བར་ཞིབ་བཤེར་བྱེད་དགོས་པའི་ནན་བཤད་གནང་ཡོད།

