འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས23ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་དང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན། འཕྲིན་ལན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་དབྱེ་ཞིབ་དང་བརྡར་གཅོད། གཙོ་གནད་ལས་དོན་ལ་བཀོད་སྒྲིག་བཅས་གནང་ཡོད།
ཚོགས་འདུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རྫོང(ཆུས)ཁག་དང་གྲོང་ཁྱེར་རིམ་པའི་འབྲེལ་ཡོད་ཚན་པའི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་དེ་བཞིན་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་སྙན་སེང་ལ་གསན་པ་རེད།
ལའོ་ཆིན་འུའུ་ཡིས་དུས་ཚིགས་དང་པོའི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་སྲིད་གཞུང་ལས་དོན་སྙན་སྒྲོན་གྱིས་གཏན་ལ་ཕབ་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་དང་དབྱེ་ཞིབ་སྒྲིག་གཞི་མཐའ་འཁྱོངས་བྱེད་པ། ཚོང་འགུགས་མ་འདྲེན་ལ་ཤུགས་སྣོན་རྒྱག་པ། རྣམ་གྲངས་དོན་འཁྱོལ་ཡོང་བར་དམ་འཛིན་བྱེད་པ། ཧུར་ཐག་གིས་འཛད་སྤྱོད་ཆེར་སྤེལ་དང་ཁྲོམ་ར་བརྟན་པོ་ཡོང་བར་བྱེད་དགོས། གཙོ་གནད་ཁྱད་ལྡན་ཐོན་ལས་སྐྱེད་བསྲིང་དང་སྟོབས་ཆེར་གཏོང་བ་དང་། དམངས་འཚོའི་རྣམ་གྲངས་འཛུགས་སྐྱོང་མགྱོགས་པོ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར། ནོར་སྲིད་ཀྱི་སྔོན་རྩིས་ལག་བསྟར་ཆེར་གཏོང་། དམངས་ཕན་མ་དངུལ་ཁག་དོན་འཁྱོལ་བྱས་ཏེ། དམངས་འཚོའི་དགོས་མཁོར་ཏན་ཏིག་གིས་འགན་སྲུང་དང་ལེགས་སུ་གཏོང་དགོས། ཕྱོགས་བསྡུས་དཔྱད་དཔོག་དག་ཐེར་ལ་དམིགས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བས་འཕེལ་རྒྱས་ཀྱི་ལག་ལེན་ཁྲིད་སྟོན་བྱེད་པ་དང་། བསམ་བློ་གཅིག་གྱུར་དང་དངོས་འཛིན་དངོས་སྒྲུབ་ཀྱིས་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་བདེ་བླག་ངང་ཡོངས་གྲུབ་བྱས་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་ནན་བཤད་གནང་ཡོད།

