国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年04月28日

ལའོ་ཆིན་འུའུ་ཡིས་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་རྟོག་ཞིབ་ཚོགས་ཆུང་ དང་བཅས་པར་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་སློབ་གསོ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཨུད་ཧྲུའུ་ཅི་ཐིང་ཀྲང་གཞོན་པ་བཅས་ཡིན་པའི་ཡུས་ཧན་གྱིས་སྣེ་ཁྲིད་པའི་རྟོག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་བ་རེད།

ལའོ་ཆིན་འུའུ་ཡིས་ཐོག་མར་རྟོག་ཞིབ་ཚོགས་ཆུང་ཕེབས་པར་དགའ་བསུ་ཞུས་པ་དང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་དུས་ཡུན་རིང་པོའི་ནང་ཆབ་མདོའི་སློབ་གསོ་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་གནད་དོན་གྱི་ཕྱོགས་སྟོན་དང་དམིགས་འབེན་གྱི་ཕྱོགས་སྟོན། མཇུག་འབྲས་ཀྱི་ཕྱོགས་སྟོན་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་མཐའ་འཁྱོངས་བྱེད་དགོས་ཤིང་། དཀྱུས་གཅིག་ཏུ་མི་དམངས་བློ་ཡིད་ཚིམས་པའི་སློབ་གསོ་ཡག་པོ་སྒྲུབ་ཏེ་བློ་བརྟན་འགྱུར་མེད་ཀྱིས“གཏན་འཁེལ་གཉིས”བརྩི་སྲུང་ཞུ་བ་དང་།“སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཞིབ་ཕྲའི་བྱ་སྤྱོད་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་རྨང་གཞིའི་འདུ་འགོད། ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་ཡུན་ཕན་ཇུས་གཞི་བཅས་ཡིན་པའི་ངོས་ནས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་། སློབ་གསོའི་དཔུང་ཁག་སྟོབས་ཆེར་འཛུགས་པ། སློབ་གསོའི་སྒྲིག་ཆས་ཞན་ཆ་རྒྱུན་མཐུད་གསབ་པ་བཅས་བྱས་ཏེ། སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚད་ལོངས་པའི་རྒྱུགས་ཤོག་ཧུར་ཐག་སྒོས་སྤྲོད་དགོས་པའི་ནན་བཤད་གནང་ཡོད།

ཡུས་ཧན་གྱིས་ཆབ་མདོ་གྲོང་ཁྱེར་གྱི་སློབ་གསོ་བྱ་གཞག་གི་འཕེལ་རྒྱས་ལ་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཁོང་གིས་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་སློབ་གསོའི་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སློབ་གསོའི་སྟོབས་ལྡན་ལྗོངས་འཛུགས་སྐྱོང་དམིགས་ཚད་ལ་དམིགས་ཏེ། གནད་འཁེལ་གྱིས་ཆབ་མདོའི་སློབ་གསོ་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་སྦྱོར་བྱེད་པ། ཆབ་མདོའི་སློབ་གསོའི་ཞན་ཆ་ཁ་གསབ་དང་སློབ་གསོའི་སྒྲིག་གཞི་ལེགས་གཏོང་། སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། ཆབ་མདོའི་སློབ་གསོའི་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པའི་བསམ་པ་བསྟན་ཡོད།

ཧྲེ་ཀྲང་གཞོན་པ་ཕུའུ་ཡུས་ཧུའེ་ཚོགས་འདུར་ཞུགས་ཡོད།