འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་གྱི་སློབ་སྦྱོང་སློབ་གསོ་དང་འབྲེལ་ཞིང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལས་དོན་ལ་དམིགས་ཏེ་བརྟག་ཞིབ་བྱས་པ་མ་ཟད། གཤམ་སྐྱོད་བྱེད་སྒོ་སྤེལ་ཏེ་བསམ་འཆར་དང་གྲོས་འགོར་གསན་ཡོད་པ་རེད།
གྲོང་ཁྱེར་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་སུ། ཀྲོང་ཅིན་སུང་གིས་ལས་དོན་མི་སྣ་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་མང་ཚོགས་སྣེ་ལེན་དང་ལས་སྒོ་སྒྲུབ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ནི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་རྨང་གཞི་རང་བཞིན་དང་། འགན་ལེན་རང་བཞིན་གྱི་འདུ་འགོད་ཞིག་ཡིན་པ་དང་། མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་ལ། ཏང་དང་སྲིད་གཞུང་དེ་མང་ཚོགས་ཀྱི་སེམས་ནང་ཡོད་པའི་སྣང་བརྙན་དང་འབྲེལ་བ་ཡོད།“དམངས་ལ་བདེ་སྐྱིད་སྐྲུན་པ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་དེ་ཡིན”པའི་རྩ་བའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་དགོས་ཤིང་། ཁྲིམས་ལྟར་གྲོང་སྐྱོང་བྱ་རྒྱུ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་མཐའ་འཁྱོངས་བྱེད་པ་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་སྤུས་ཚད་མཐོ་བའི་མཁོ་སྤྲོད་མུ་མཐུད་ལེགས་སུ་གཏོང་བ། སྤུས་ལེགས་བཅའ་ཁྲིམས་ཞབས་ཞུའི་ཐོན་ཁུངས་གྲོང་གསེབ་ལ་ཕྱོགས་པ་དང་། དམངས་འཚོར་ཕྱོགས་པར་ཏན་ཏིག་གིས་སྐུལ་སྤེལ་བཏང་ནས་གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱིས“ཅི་ཞིག་སྒྲུབ་ཐུབ་པ་ཡིན་པ་དང་། ཅི་ཞིག་སྒྲུབ་མི་ཉན་པ”ཤེས་རྟོགས་ཐུབ་པར་ཁྲིད་སྟོན་བྱེད་པ་དང་། ཁྲིམས་སྐྱོང་གི་ཁེ་དབང་ལ་གུས་ཞེད་དང་བཅའ་ཁྲིམས་ཀྱི་མཐའ་ཚད་བརྟན་པོར་སྲུང་ནས་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་ཐོབ་ཚོར་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས་ཅེས་བསྟན།
རྟོག་ཞིབ་ཁྲོད་ཀྲོང་ཅིན་སུང་གིས་རིམ་ཁག་ཚན་པ་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་ངང་གཏིང་ཟབ་གཏོང་བ་དང་། ཁྲིམས་སྐྱོང་གི་བསམ་གཞིག་སྔར་བས་མཐོང་ཆེན་དང་བེད་སྤྱད་དེ་ལས་སྒྲུབ་ཁྲིད་སྟོན་ལེགས་བཅོས་དང་སྲིད་སྐྱོང་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་ཐབས་ཇུས་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན། ཚན་རིག་ཅན་ལ་སྔར་བས་སྐུལ་འདེད་བཏང་སྟེ། ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་བསྐྱོད་པར་འགན་ལེན་བྱས་ནས“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན”པར་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཤིག་དང་། དྲང་གཞག་གི་ཁྲིམས་སྐྱོང་ཁོར་ཡུག་ཤིག སྤུས་ལེགས་ཀྱི་ཞབས་ཞུའི་ཁོར་ཡུག་ཤིག་བཅས་གཏོད་དགོས་པའི་ནན་བཤད་གནང་ཡོད།

