国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年04月24日

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་གཙོ་སྒྲུབ་དང་། གྲོང་ཁྱེར་མ་བུ་བདེ་སྲུང་ཁང་དང་ཧྥུའུ་ཅན་ཞིང་ཆེན་གྱི་ཁག་བཅུ་གཅིག་པའི་བོད་སྐྱོར་སྨན་བཅོས་ཚོགས་པས་འགན་སྒྲུབ་བྱས་པའི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི2026ལོའི་ཆབ་མདོ་གྲོང་ཁྱེར་གྱི“བུད་མེད་ཀྱི་བདེ་ཐང་སྲུང་སྐྱོབ་བྱ་སྤྱོད”འགོ་ཚུགས་པའི་མཛད་སྒོ་དེ་ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་དུ་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་དམིགས་ཡུལ་ནི་གཞི་རིམ་ཐག་རིང་གི་ཞིང་འབྲོག་ས་ཁུལ་གྱི་བུད་མེད་བདེ་ཐང་གི་དགོས་མཁོར་དམིགས་ཏེ།“སྐོར་བརྟག་སྤེལ་བ་དྲུག”གི་ལམ་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་མང་ཚོགས་ཀྱི་ཁྱིམ་དུ་སྐྱེལ་བ་དང་། དོན་ངོ་མའི་ཐོག་ནས་རྒྱ་ཆེའི་བུད་མེད་ཀྱི་དཀའ་གནད་སེལ་ཞིང་བྱ་བ་དངོས་སྒྲུབ་ཡོད་པ་རེད། འགོ་ཚུགས་མཛད་སྒོ་ཐོག《ཆབ་མདོ་གྲོང་ཁྱེར་གྱི་བུད་མེད་བདེ་ཐང་ལ་སྐུལ་འདེད་གཏོང་རྒྱུའི་གྲོས་འདོན་ཡི་གེ》སྒྲོག་སྦྱོང་བྱས་པ་བརྒྱུད། གྲོང་ཁྱེར་ཡོངས་ཀྱི་བུད་མེད་ཀྱིས་ཚན་རིག་དང་མཐུན་པའི་བདེ་ཐང་འདུ་ཤེས་བཙུགས་ཏེ་རང་འགུལ་གྱིས་བདེ་ཐང་ལུས་བཤེར་ནང་ཞུགས་པ་དང་། བདེ་ཐང་གི་འཚོ་བའི་ཐབས་ཤེས་ལག་ལེན་བསྟར་བར་འབོད་སྐུལ་བཏང་ཞིང་། དེ་དང་ཆབས་ཅིག་ཏུ་སྤྱི་ཚོགས་ལས་རིགས་ཁག་གིས་ཐུན་མོང་ཐོག་བུད་མེད་ཀྱི་བདེ་ཐང་ལ་ཐུགས་ཁུར་དང་དོ་ཁུར་བྱས་ཏེ་བུད་མེད་ལ་གཅེས་སྐྱོང་དང་བདེ་ཐང་སྲུང་སྐྱོབ་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན་རྒྱུའི་རེ་སྐུལ་བྱས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། “སྐོར་བརྟག་སྤེལ་བ་དྲུག”ནི་ཐེངས་འདིའི“བུད་མེད་ཀྱི་བདེ་ཐང་སྲུང་སྐྱོབ་བྱ་སྤྱོད”ཀྱི་ལྟེ་བའི་དམ་འཛིན་བྱ་གཞི་ཡིན་ཞིང་། ཞབས་ཞུའི་ཁྱབ་ཁོངས་སུ་ལས་ཁུངས་དང་། དགོན་པ། སློབ་གྲྭ། དམག་སྒར་དང་དེ་བཞིན་དབྱར་རྩྭ་དགུན་འབུ་བརྐོ་འཐུ་ས་ཚིགས་སོགས་འདུས་ཡོད། བྱེད་སྒོ་དེ་ཟླ4པར་འགོ་ཚུགས་པ་དང་ཟླ་12པར་མཇུག་འགྲིལ་ཏེ་དུས་ཡུན་ཟླ་བ9རིང་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11ལ་ཁྱོན་ཡོངས་ནས་ཁྱབ་རྒྱུ་རེད།