国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年04月24日

གོ་འཇོ་རྫོང་སྐབས་གཉིས་པའི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ལས་གླུ་བྲོ་འགྲན་སྡུར་གྱི་རྫོང་རིམ་པའི་བསྐྱར་འགྲན་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས15ཉིན། གོ་འཇོ་རྫོང་བདེ་འཇགས་ཐང་ཆེན་དུ་གོ་འཇོ་རྫོང་སྐབས་གཉིས་པའི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ལས་གླུ་བྲོ་འགྲན་སྡུར་གྱི་རྫོང་རིམ་པའི་བསྐྱར་འགྲན་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོ་ཡིས་རྫོང་དེ་ཡོངས་ཀྱི་ཤང(གྲོང་རྡལ)ཁག་གི་ཕུལ་བྱུང་ལེ་ཚན35རིམ་བཞིན་གར་སྟེགས་ཐོག་འཁྲབ་སྟོན་བྱས་པ་མ་ཟད། ལས་བྱེད་མང་ཚོགས1500ལྷན་གཅིག་ཏུ་འཛོམས་ནས་ཐུན་མོང་ཐོག་གསར་བརྗེའི་བརྩེ་བས་ཁེངས་ཤིང་ཕ་ཡུལ་གྱི་བྲོ་བས་གཏམས་པའི་རིག་གནས་ཀྱི་གསོལ་སྟོན་ལ་ཉམས་སུ་མྱོང་ཡོད་པ་རེད། གཞན་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ཐད་གཏོང་ནང་དྲ་གྲོགས་ཁྲི5.1ཞུགས་ཡོད།

ཐེངས་འདིའི་གླུ་བྲོ་འགྲན་སྡུར་ནི་ཚོགས་བྲོ་དང་། རྐྱང་ལེན། མཉམ་ལེན། རྐྱང་བྲོ་བཅས་ཁག་བཞིར་བགོས་ཡོད་ལ། ལེ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་ཅིང་གོ་འཇོ་རྫོང་གི་མི་རིགས་ཁག་གི་མང་ཚོགས་ཀྱི་མདུན་སྐྱོད་ཡར་བརྩོན་གྱི་བསམ་པའི་ཉམས་མྱུར་དང་རིག་གནས་ཀྱི་རྨང་མཐུག་པོ་མངོན་པར་མཚོན་ཡོད།

འགྲན་སྡུར་ཡུལ་དངོས་ཐོག་གྲོང་ཁྱེར་དང་རྫོང་རིམ་པའི་རིག་རྩལ་ལས་རིགས་ཀྱི་ཆེད་མཁས་པས་གྲུབ་པའི་དཔྱད་འདེམས་ཚོགས་པ་ཡིས་ཞིབ་ཚེགས་དང་ནན་ཏན་གྱི་སྒོ་ནས་དྲང་བོ་དྲང་བཞག་གིས་དཔྱད་འདེམས་བྱས་པ་བརྒྱུད་ལེ་ཚན་ཁག་བཞི་སོ་སོ་ལས་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་བཅས་མི་གཅིག་རེར་བདམས་ཐོན་བྱུང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལེ་ཚན་ཁག་བཞིའི་ཨང་དང་པོ་དེ་གོ་འཇོ་རྫོང་གི་ཚབ་ཞུས་ནས་སྐབས་གཉིས་པའི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་གླུ་བྲོ་འགྲན་སྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་མའི་འགྲན་སྡུར་ནང་ཞུགས་རྒྱུ་ཡིན་པ་རེད།