国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年04月24日

ཆབ་མདོ་གྲོང་ཁྱེར་གྱི“ཕུབ་ཆེན་བུམ་པའི”བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་སྡུར་གྱི་རྟིང་རྩོད་འགྲན་སྡུར་མཇུག་འགྲིལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4ཚེས20ཉིན་གྱི་སྔ་དྲོ། གྲོང་ཨུད་རྩ་འཛུགས་པུའུ་དང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན། གྲོང་ཁྱེར་རྒྱལ་ཁབ་བདེ་འཇགས་དང་མི་དམངས་ཀྱི་འགོག་སྲུང་འཛུགས་སྐྱོང་ཆེད་དོན་མཐུན་སྦྱོར་སྒྲིག་གཞི་གཞུང་དོན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ལས“4·15”རྒྱལ་ཁབ་བདེ་འཇགས་དང་མི་དམངས་ཀྱི་འགོག་སྲུང་ཞེས་པའི“ཕུབ་ཆེན་བུམ་པའི”བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་སྡུར་གྱི་རྟིང་རྩོད་འགྲན་སྡུར་དེ་གྲོང་ཁྱེར་ཁམས་པའི་རིག་གནས་འཁྲབ་སྟོན་སྒྱུ་རྩལ་ལྟེ་གནས་སུ་སྤེལ་བ་རེད། གྲོང་ཁྱེར་ཡོངས་ཀྱི་ལས་རིགས་དང་ཁོངས་གཏོགས་ཁག་གི་འགྲན་ཞུགས་པ12གར་སྟེགས་གཅིག་གི་ཐོག་ཏུ་འགྲེང་ནས་སྐད་སྒྲས་བརྩེ་བ་བརྒྱུད་སྤེལ་དང་། བཤད་པས་ནུས་པ་གཅིག་ཏུ་སྒྲིལ་ཏེ་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་དུས་རབས་ཀྱི་དབྱངས་རྟ་ཤུགས་ཀྱིས་གྱེར་ཡོད་པ་རེད།

འགྲན་ཞུགས་པ་ཚོས“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དང་།‘དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན’བྱེད་སྒོའི”བརྗོད་དོན་གཙོ་བོ་གཏིང་ཟབ་གཏོང་བར་དམ་པོར་དམིགས་པ། རང་ཉིད་ཀྱི་ལས་རྐང་གཞི་ཚུགས་པ། ཆབ་མདོའི་གསར་བརྗེའི་ལོ་རྒྱུས་དང་འཕེལ་རྒྱས་ཀྱི་དོན་དངོས་དང་འབྲེལ་བའི་ཁར། ཆབ་སྲིད་ཀྱི་བདེ་འཇགས་དང་། རྒྱལ་ཁོངས་ཀྱི་བདེ་འཇགས། སྤྱི་ཚོགས་ཀྱི་བདེ་འཇགས་སོགས་ཁྱབ་ཁོངས་གཙོ་བོའི་མཐའ་འཁོར་དུ། བརྩེ་བ་ངོ་མ་དང་། གྱོད་དཔེ་གསོན་པོ། ཉམས་འགྱུར་ཆེན་མོའི་ཐོག་ནས་དུས་རབས་གསར་པའི་ཆབ་མདོའི་བུ་ཕྲུག་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་གླེང་ཡོད།

ཆུ་ཚོད་གཉིས་རིང་གི་འགྲན་སྡུར་དྲག་པོ་བྱས་པ་བརྒྱུད། མཐར་གྲོང་ཁྱེར་སྤྱི་བདེ་ཅུས་ཁ་རུབ་ཡན་ལག་ཅུས་ཀྱི་ཀྲོའུ་ཧུང་ལིན་ལ་བྱ་དགའ་ཨང་དང་པོ་དང་། གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཧུང་ཧའོ་དང་སྟེང་ཆེན་རྫོང་སྤྱི་བདེ་ཅུས་ཀྱི་ཅང་ཀྲིན་ཀུའེ་གཉིས་ལ་བྱ་དགའ་ཨང་གཉིས་པ། གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཅེ་ཉིན་ཉིན་དང་། གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ཏའེ་ལིན་ཆན། བྲག་གཡབ་རྫོང་ཚྭ་ལ་ཤང་ཁྲ་རྡོ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་སངས་རྒྱས་སྒྲོལ་མ་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ་ཡོད།

ད་ཐེངས་ཀྱི་འགྲན་སྡུར་གྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་རིགས་གཞུང་ཤེས་བྱ་གསོན་ཉམས་ལྡན་པའི་སྒོ་ནས་བརྒྱུད་བསྒྲགས་དང་ཁྱབ་གདལ་གཏིང་ཟབ་བཏང་བ་མ་ཟད། “འགྲན་སྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི”ལམ་ནས་གཞི་རིམ་གྱི་ལས་བྱེད་མང་ཚོགས་ཀྱིས་རང་འགུལ་ངང་སློབ་སྦྱོང་དང་བསམ་གཞིག་གཏིང་ཟབ་བྱེད་པའི་ནང་གནས་ཀྱི་སྒུལ་ཤུགས་སྔར་བས་འཕེལ་བར་བྱས་ཏེ་རང་རེའི་གྲོང་ཁྱེར་གྱི་མི་ཚང་མས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དོ་ཁུར་དང་མི་ཀུན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་ཡོད།