国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年04月24日

སྟེང་ཆེན་གྱིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྤེལ་བ།

འདི་ནི་འགྲན་ཞུགས་པས་སྲོལ་རྒྱུན་ལག་ཤེས་ངོམ་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྟེང་ཆེན་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”མང་ཚོགས་རང་བཞིན་གྱི་གླུ་གཞས་དང་ཞབས་བྲོ་འགྲན་སྡུར་གཉེར་བ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་གླུ་ལེན་བྲོ་འཁྲབ་བྱས་ཏེ། ཏང་དང་མེས་རྒྱལ་ལ་དགའ་ཞེན་བྱེད་པ་དང་དུས་རབས་གསར་པའི་ཆབ་མདོའི་བུ་དང་བུ་མོས་མཐུན་སྒྲིལ་འབད་འཐབ་དང་དཔའ་ངར་ཆེ་སྐྱེད་བྱེད་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།

སྟེང་ཆེན་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”མང་ཚོགས་རང་བཞིན་གྱི་གླུ་གར་འགྲན་སྡུར་ནང་ཐུན་མོང་མ་ཡིན་པའི་ཞབས་བྲོ་དང་། ཁེར་གཞས། མཉམ་གཞས་སོགས་མང་པོ་ཞིག་བཀོད་སྒྲིག་བྱས་ཡོད། ཁེར་བྲོ་འགྲན་སྡུར་ཁྲོད་ཁྲི་རྡོ་གྲོང་རྡལ་འཐུས་ཚབ་རུ་ཁག་གི་འཁྲབ་སྟོན་པ་ཆུང་ཆུང་དབང་དར་མཚོས་འཁྲབ་པའི《ཏང་གི་བཀའ་དྲིན་དྲན་པ》ཞེས་པ་དེ་ཀུན་ལས་ཁྱད་དུ་འཕགས་ཤིང་། འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་རྣམ་པ། ཞབས་བྲོའི་སྒྱུ་རྩལ་བཅས་ཟུང་འབྲེལ་ཡག་པོ་བྱས་པས་ཁེར་བྲོའི་ཚོགས་ཆུང་ལས་བྱ་དགའ་ཨང་དང་པོ་ཐོབ་པ་རེད།

མཉམ་གཞས་འགྲན་སྡུར་ནང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་དགེ་འདུན་པ་ལས་གྲུབ་པའི་ས་སྒང་ཤང་གི་འགྲན་ཞུགས་འཐུས་ཚབ་རུ་ཁག་གར་སྟེགས་ཐོག་བསྐྱོད་དེ《གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པ་དེ་ལས་རྒྱལ་གཅེས་ཆོས་གཅེས་དང་བློ་གཅིག་སེམས་གཅིག་ངང་ཏང་ལ་ཕྱོགས་པའི་ཉམས་འགྱུར་བཟང་པོ་མངོན་ཡོད་པ་རེད།

འགྲན་སྡུར་གྱི་མཇུག་ཏུ་འགྲན་སྡུར་རྣམ་གྲངས་ཁག་གི་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་དཔྱད་འདེམས་བྱས་པ་དང་། ས་ཡུལ་དངོས་སུ་འགོ་ཁྲིད་ཀྱིས་བྱ་དགའ་ཐོབ་པའི་དཔུང་ཁག་དང་འགྲན་ཞུགས་པ་དག་ལ་གཟེངས་རྟགས་སྤྲད་པས། ལྟད་མོ་ལྟ་མཁན་ཚོས་ཀྱང་བྱེད་སྒོ་འདི་ལ་བསྔགས་བརྗོད་བྱས་ཡོད།