国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年04月24日

གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི2026ལོའི་སློབ་སྦྱོང་ཚོགས་འདུ་ཐེངས3པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི2026ལོའི་སློབ་སྦྱོང་ཚོགས་འདུ་ཐེངས3པ་འཚོགས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཐེན་ཧའོ་དང་། ལིས་ཧྲུའུ་གོ ཧོང་གོ་ཅིན་བཅས་ཚོགས་འདུ་ཞུགས་ཡོད།

ཚོགས་འདུ་ཡིས་ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཞུས་ཡུས་ཤང་གིས《སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》གི་སྐོར་ནས་ཆེད་དོན་འཆད་ཁྲིད་བྱས་ཡོད།

ལའོ་ཆིན་འུའུ་ཡིས་ཆབ་མདོ་ནི་བོད་ཤར་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ཆ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་ངེས་པར་དུ་འཁུར་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན། ང་ཚོས་ནན་ཏན་གྱིས་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དོན་འཁྱོལ་བྱེད་པ་དང་།

“ཁྲིམས་དང་མི་མཐུན་པར་འཕེལ་རྒྱས་མི་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོབ་དང་མི་མཐུན་པར་འཕེལ་རྒྱས་མི་གཏོང་བ། བདེ་འཇགས་དང་མི་མཐུན་པར་འཕེལ་རྒྱས་མི་གཏོང་བ། དཔལ་འབྱོར་དང་མི་མཐུན་པར་འཕེལ་རྒྱས་མི་གཏོང་བ”བཅས་ཀྱི་མཐའ་ཚད་བརྟན་པོར་སྲུང་ནས་བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་ལེགས་ལ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཡག་པོ་བསྐྱོད་དགོས་པའི་ནན་བཤད་གནང་ཡོད།