国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年04月24日

ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས20ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ལས་དོན་བཀོད་སྒྲིག་གནང་བ་རེད།

ཚོགས་འདུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་ལ་དགོངས་པ་གཏིང་ཟབ་པ་དང་ནང་དོན་ཕུན་སུམ་ཚོགས་པོ་བཅས་ཡོད་པས་ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ་དང་། རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་བླངས་ཏེ་རྒྱུན་བསྲིང་ལྷོད་མེད་ཀྱིས་ལག་བསྟར་དོན་འཁྱོལ་ཡོང་བར་དམ་འཛིན་བྱེད་དགོས་ཅེས་བསྟན།

ཚོགས་འདུ་ཡིས་གྲོང་ཁྱེར་ཡོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་གྱི་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་གྱི་གནས་ཚུལ་སྙན་སེང་ལ་གསན་པ་དང་། སློབ་སྦྱོང་དང་ཞིབ་འཇུག་བགྲོ་གླེང་གཏིང་ཟབ་གཏོང་དགོས་ཤིང་། ཉེན་ཟོན་སློབ་གསོ་ཆེ་རུ་གཏོང་བ་དང་། དྲང་ལྡོག་ཕྱོགས་གཉིས་ཀྱི་དཔེ་མཚོན་གྱོད་གཞི་སྤྱད་དེ་དཔེ་གཞིར་བརྟེན་ནས་སྒྲིག་ཁྲིམས་དང་། ཁྲིམས་ལུགས། སྤྱོད་ལམ། འགན་འཁྲི་བཅས་གླེང་ནས་ཏང་ཡོན་ལས་བྱེད་པས་གྱོད་དཔེ་དཔྱད་གཞིའི་མེ་ལོང་དུ་འཛིན་པ་དང་བསླབ་བྱར་འཛིན་པར་ཁྲིད་སྟོན་བྱེད་དགོས། དག་ཐེར་ཏན་ཏིག་གིས་དམ་འཛིན་བྱེད་དགོས་ཤིང་། གནད་དོན་དག་ཐེར་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་པ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ཐག་གཅོད་དམག་འཐབ་ཕན་ཚུན་ཟུང་འབྲེལ་བྱས་ཏེ། གཅིག་སྡུད་ཤུགས་འདོན་དང་འབེན་དམིགས་བཅོས་སྐྱོང་། དམ་འཛིན་ལྷོད་མེད་དང་དམ་འཛིན་མཐར་ཕྱིན་བཅས་བྱས་ཏེ་དག་ཐེར་ཕན་འབྲས་ཀྱི་ཐོག་ནས་ལས་ཀའི་སྤུས་ཚད་མཐོར་འདེགས་གཏོང་དགོས།

“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”དཔུང་ཁག་སྒྲིག་འཛུགས་བྱས་ཏེ། ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་ཅན་གྱི་ལས་ཞུགས་ཐུབ་པར་སྐུལ་སྤེལ་བཏང་ནས་དམངས་ཆེད་ཞབས་ཞུའི་གྲུབ་འབྲས་དང་ཕན་འབྲས་ལ་བརྟེན་ནས་སློབ་གསོ་སློབ་གསོའི་གྲུབ་འབྲས་ཞིབ་བཤེར་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་ཡོད།