国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年04月17日

ལྷོ་རོང་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་ལས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་བསྐྱར་འགྲན་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས13ཉིན། ལྷོ་རོང་རྫོང་གི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་སྡུར་གྱི་རྫོང་རིམ་པའི་བསྐྱར་འགྲན་དེ་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ་སྤེལ་བ་རེད། རྫོང་དེ་ཡོངས་ཀྱི་ཁྱབ་ཁོངས་ཁག་གི་འགྲན་ཞུགས་བདམས་ཐོན་པ11གར་སྟེགས་གཅིག་གི་ཐོག་ཏུ་བུད་དེ་སེམས་གཏམ་དྲོན་མོས་ཁྱིམ་ཞེན་རྒྱལ་གཅེས་བརྗོད་པ་དང་ལྷག་བསམ་གཙང་མས་འགན་འཁྲི་འཁུར་ལེན་གླེང་ཡོད།

རྫོང་དེ་ཡོངས་ཀྱི་འགྲན་ཞུགས་བདམས་ཐོན་པ་ཚོས་སེམས་པ་སྤོབས་པས་ཁེངས་ཤིང་ལུས་ལ་གཟབ་མཆོར་ལེགས་པར་བརྒྱན་པ་དང་། ལག་ཏུ་སྐད་སྦུག་བཟུང་ནས་བྱེད་སྒོ་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་དག་ཅིང་བྱང་ཆ་ལྡན་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ལམ་ནས་གསར་བརྗེའི་གཏམ་རྒྱུད་བཤད་པ་དང་། ཕ་ཡུལ་གྱི་འཕོ་འགྱུར་གླེང་ཏེ་རྒྱལ་གཅེས་བརྩེ་སེམས་སྐུལ་སློང་དང་ཡར་བརྩོན་གྱི་སྟོབས་ཤུགས་བརྒྱུད་སྤེལ་བྱས་ཡོད། བདམས་ཐོན་པ་ཚོས་ཏང་དང་མེས་རྒྱལ། ཕ་ཡུལ་བཅས་ལ་བཅངས་པའི་དགའ་ཞེན་དང་། དྲིན་ཚོར། རེ་སྒུག་བཅས་ཡིག་འབྲུ་རེ་རེའི་བར་ན་ཡོད་པས། ས་གནས་ས་ཐོག་གི་དཔྱད་འདེམས་པ་དང་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ་ཡོད།