国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年04月10日

ཀྲོང་ཅིན་སུང་གིས་གྲོང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)དཔྱིད་ཀའི་སློབ་དུས་ཀྱི་གཙོ་དོན་འཛིན་གྲྭར“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”ཁྲིད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས8ཉིན། གྲོང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)2026ལོའི་དཔྱིད་ཀའི་སློབ་དུས་ཀྱི་གཙོ་དོན་འཛིན་གྲྭ་འགོ་ཚུགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཞུགས་པ་མ་ཟད་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་གྱི་སློབ་སྦྱོང་སློབ་གསོ་དང་འབྲེལ་ཏེ། “ཏང་གཤིས”བརྗོད་དོན་དུ་བཟུང་ནས“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”ཁྲིད་གནང་བ་རེད།

ཀྲོང་ཅིན་སུང་གིས་ཏང་གཤིས་ནི་བསམ་བློའི་རྨང་གཞི་དང་། རང་ཚུགས་ཀྱི་རྩ་བ། སྟོབས་ཤུགས་ཀྱི་འབྱུང་ཁུངས་བཅས་ཡིན་ལ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་གྱི་རྩ་བའི་སྔོན་འགྲོ་ཡང་ཡིན། སློབ་གཉེར་བ་ཡོངས་ཀྱིས་ཏང་གཤིས་དམ་པོར་དམིགས་ཏེ། ཏང་གཤིས་དང་། ཏང་ཡོན། ཏང་ཡོན་འགོ་ཁྲིད་ལས་བྱེད་པ། ཏང་རྩ་འཛུགས་བཅས་ལྟེ་བའི་གནད་དོན་བཞིར་གོ་བ་ཡང་དག་རྙེད་པ་དང་། རང་ངོས་ཀྱི་འགན་འཁྲི་གསལ་བཟོ་དང་ལས་འགན་ངེས་གནས་ངོས་ཟིན་བཅས་བྱས་ཏེ། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་བསམ་བློའི་རྨང་གཞི་རྒྱུན་མཐུད་ཀྱིས་བརྟན་པོར་འཛུགས་དགོས་ཅེས་བསྟན།

ཀྲོང་ཅིན་སུང་གིས་ཏང་གཤིས་བརྟན་པོར་བརྟེན་ནས་བྱ་སྤྱོད་ལ་ཁྲིད་སྟོན་བྱེད་དགོས་ཤིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ཇི་མ་ཇི་བཞིན་དུ་ལག་བསྟར་དོན་འཁྱོལ་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་དགོས་ཤིང་། རང་འགུལ་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དམངས་ལ་བདེ་སྐྱིད་སྐྲུན་པ་མཐའ་འཁྱོངས་བྱེད་དགོས་ཤིང་།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་ཏན་ཏིག་སྤེལ་ཏེ“དམར་མདངས་ཆབ་མདོ་དར་རྒྱས་ཡར་བརྩོན་དཔུང་ཁག”སྒྲིག་འཛུགས་ཀྱིས་མང་ཚོགས་སྐུལ་སློང་དང་། སྒྲིག་འཛུགས། དྲིལ་བསྒྲགས། སློབ་གསོ། ཞབས་ཞུ་བཅས་ཡག་པོ་སྒྲུབ་དགོས། གཙོ་གནད་ལས་འགན་དམ་པོར་དམིགས་དགོས་ཤིང་། “ལས་འགན་འདེགས་སྐྱོར་ཆེ་མོ་དགུ”དམིགས་ཏེ་དོན་འཁྱོལ་དམ་འཛིན་དང་། དཀའ་གནད་སེལ་བ། འཕེལ་རྒྱས་སྐུལ་སྤེལ་བཅས་གཏོང་དགོས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས་ཤིང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། རང་གཅུན་ནན་པོ། རང་འགན་ནན་འཁུར། རང་ཁོངས་ནན་སྡོམ་བཅས་བྱས་ཏེ། དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་ཐོན་པའི་ཐོག་ནས“ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ་ཡིན་པའི”ལ་རྒྱ་དང་མཚན་སྙན་ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུ་དགོས་པའི་བླང་བྱ་བཏོན་ཡོད།