国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年04月10日

རྩལ་ནུས་འགྲན། ཉམས་འགྱུར་མངོན། ཡར་བརྩོན་འབད།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བསྟུད་མར་ཉིན་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་རྫོང་དང་ཤང་ཁག་ཏུ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། རི་བོ་ཆེ་རྫོང་གཡུ་རི་ཤང་དང་གོ་འཇོ་རྫོང་ངག་དབང་ཤང་དང་སྐྱ་འབེལ་ཤང་བཅས་ཀྱིས་ཤང་རིམ་པའི་ཐོག་མའི་འགྲན་སྡུར་དང་རྩལ་ནུས་འགྲན་སྡུར་སྤེལ་བ་དང་། མང་ཚོགས་མཉམ་དུ་གར་སྟེགས་གཅིག་གི་ཐོག་ནས་རྩལ་ནུས་འགྲན་པ་དང་། ཉམས་འགྱུར་མངོན་པ་བཅས་བྱས་ཏེ་གསོན་ཉམས་ལྡན་པའི་གཏམ་རྒྱུད་དང་བྱང་ཆ་ཆེ་བའི་ལག་རྩལ། བདེ་སྐྱིད་ཀྱི་འཛུམ་མདངས་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་མཐོ་སྒང་བུ་ཕྲུག་གི་མཐུན་སྒྲིལ་ཡར་བརྩོན་དང་དར་རྒྱས་ཡར་བརྩོན་གྱི་རྣམ་པ་གསར་པ་བྲིས་ཡོད།