འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། 2026ལོའི་ཆབ་མདོ་གྲོང་ཁྱེར་གྱི་སྡེ་ཁུལ་ལས་དོན་པའི་ཆེད་དོན་གསབ་སྦྱོང་འཛིན་གྲྭ་འགོ་ཚུགས་པ་རེད། རྫོང(ཆུས)ཁག་གི་སྤྱི་ཚོགས་ལས་དོན་པུའི་འབྲེལ་ཡོད་འགན་འཁུར་བ་དང་། དྲག་འདེམས་གདན་ཞུ་གདན་འགུག་གསབ་འདེམས་བྱས་པའི་སྡེ་ཁུལ་གྱི་ལས་དོན་པ། ཤང་དང་གྲོང་རྡལ(སྲང་ལམ)གྱི་སྡེ་ཁུལ་ལས་དོན་དོ་དམ་པ་སོགས་མི193གསབ་སྦྱོང་ནང་ཞུགས་ཡོད།
བཀོད་སྒྲིག་ལྟར། ཐེངས་འདིའི་གསབ་སྦྱོང་ཁག་གཉིས་སུ་བགོས་ཡོད་དེ། ཟླ4པའི་ཚེས8ཉིན་ནས་ཚེས21ཉིན་བར་ཡིན་ཞིང་། དེའི་རིང་ལྗོངས་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་དང་། གྲོང་ཨུད་ཏང་གི་སློབ་གྲྭའི་ཆེད་མཁས་པ། སྤྱི་ཚོགས་ལས་དོན་གྱི་གཙོ་སྐྱོང་ཚན་པ། ཕུལ་བྱུང་གི་སྡེ་ཁུལ་ལས་དོན་པ་བཅས་གདན་དྲངས་ཏེ་སློབ་ཁྲིད་བྱ་རྒྱུ་ཡིན་ལ། “གཅིག་སྡུད་སློབ་ཁྲིད་དང་། གྱོད་དཔེར་ཞིབ་འཇུག་བགྲོ་གླེང་། ས་གནས་ས་ཐོག་གི་སློབ་ཁྲིད”བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་རྣམ་པའི་ཐོག་ནས་སྤྱི་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་གྱི་ཆེད་དོན་ཟུར་ཁྲིད། ཏང་འཛུགས་ལས་དོན་དང་། སྡེ་ཁུལ་ལས་དོན། ཡིག་སྐུར་ངོ་གཏུག་ལས་དོན་གྱི་སྲིད་ཇུས་དང་ཁྲིམས་སྲོལ་སོགས་ཞིབ་ཕྲས་སློབ་ཁྲིད། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”དང“ཕུའུ་ཅང་ཉམས་མྱོང”སློབ་སྦྱོང་དང་དར་སྤེལ་གཏོང་བ། སྡེ་ཁུལ་ཞབས་ཞུ་དང་གཞི་རིམ་བཅོས་སྐྱོང་གི་ཆོས་ཉིད་བྱ་ཐབས་བགྲོ་གླེང་བྱེད་པ། གསར་དུ་ཡོང་བའི་སྡེ་ཁུལ་གྱི་ལས་དོན་པའི་ཆབ་སྲིད་ཀྱི་ངེས་གནས་དང་རིགས་གཞུང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། སྡེ་ཁུལ་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེན་རང་བཞིན་དང་། ཆོས་ཉིད་རང་བཞིན་གྱི་ངོས་ཟིན་ཟབ་ཏུ་གཏོང་བ། སྲིད་ཇུས་ཤེས་རྟོགས་དང་མང་ཚོགས་ཀྱི་ལས་དོན། འགལ་ཟླ་སེལ་བའི་ནུས་པ་བཅས་ཆེ་རུ་བཏང་ནས་སྡེ་ཁུལ་ལས་དོན་པས་གྲོང་ཁྱེར་ཡོངས་ཀྱི་སྡེ་ཁུལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་བར་ཁྲིད་སྟོན་བྱས་ཡོད་པ་རེད།

