国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年04月10日

ལའོ་ཆིན་འུའུ་ཡིས་ནུབ་རྒྱུད་གཏེར་ལས་ཚོགས་པ་དང་བཅས་པར་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས7ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ནུབ་རྒྱུད་གཏེར་ལས་ཚོགས་པའི་ཏང་ཨུད་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཝང་ཧའེ་ཧྥུང་དང་བཅས་པར་བཞུགས་མོལ་གནང་ནས་གཡུ་ལུང་ཟངས་གཏེར་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་ཚུན་སྤེལ་རེས་བྱས་ཡོད།

ལའོ་ཆིན་འུའུ་ཡིས་ཝང་ཧའེ་ཧྥུང་དང་བཅས་པར་དགའ་བསུ་ཞུས་པ་དང་། ཁོང་གིས་ནུབ་རྒྱུད་གཏེར་ལས་ཚོགས་པ་དང་དེ་བཞིན་གཡུ་ལུང་ཟངས་གཏེར་གྱིས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་ནུས་པ་བཏོན་པར་ཁས་ལེན་གནང་ཞིང་། ཁོང་གིས་ནུས་ཤུགས་ཡོད་རྒུས་གློག་ཤུགས་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་གཡུ་ལུང་ཟངས་གཏེར་གྱི་ཐོན་སྐྱེད་བྱེད་གནས་བརྟན་ལ་ཕན་འབྲས་ཆེ་བས་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས་ཏེ། ཁེ་ལས་བདེ་འཇགས་ངང་ཐོན་སྐྱེད་ཐུབ་པར་དངོས་ཡོད་ཀྱི་རྨང་གཞི་འཛུགས་པ་དང་ནུས་ལྡན་གྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་ཡོད།