འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས30ཉིན་ནས་ཟླ4པའི་ཚེས3ཉིན་བར། གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་ནི་ཏང་གཤིས་ཡིན།
“སྲིད་དོན་ལས་རྗེས་ལྟ་བའི་གནད་དོན་ནི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་ཡིན་པས། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བ་དང་འབྲེལ་བ་ཡོད། ”དཔེ་ཀློག་འཛིན་གྲྭ་དངོས་སུ་འགོ་ཚུགས་ཡོད།
《ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་སྐོར་གྱི་རྣམ་བཤད་གཅེས་བསྡུས》སོགས་ཀྱི་ནང་དོན་ཐུན་མོང་ཐོག་སློབ་སྦྱོང་བྱས་པ་དང་ཆེད་དོན་བརྙན་ཚན《མཛད་རྗེས་རྡོ་རིང་དམངས་ཀྱི་སེམས་ན་ཡོད》ཅེས་པར་བལྟས་པ་རེད།
ཅའོ་ཡུས་ལུའུ་དང་། ཀུའུ་ཝུན་ཁྲང་། དབྱང་ཧྲན་ཀྲོའུ་སོགས་ལྟ་བུའི་གུང་ཁྲན་ཏང་མིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་པ་དེས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ནི་རྨང་རྡོ་ལྟ་བུའི་ཏང་གཤིས་ལས་བྱུང་བ་བདེན་དཔང་བྱས་ཡོད།
“ཏང་གཤིས་ནི་ཅི་ལྟ་བུ་ཞིག་ཡིན། ཏང་གཤིས་ནི་ཏང་གིས་གང་སྒྲུབ་དེ་སྒྲུབ་དང་། ཏང་གིས་གང་དུ་མངགས་ན་དེར་འགྲོ་བ། གང་དུ་བྱ་གཞག་ཡོད་ན་དེ་ནི་ཁྱིམ་ཡིན”
“ཆབ་མདོ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དེ་ཡིན། ང་ཚོ་ནི་ཏང་དང་མི་དམངས་ཀྱི་ཆེད་དུ་མཐའ་མཚམས་སྲུང་བ་དང་། ལས་དོན་མཐའ་དག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་རྒྱ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱ་རྒྱུ་དེ་ཡིན།”
དཔུང་ཞེང་ཆེ་དགོས་པ་མ་ཟད་སྲ་ཞིང་བརྟན་པོ་ཡིན་དགོས།
དཔེ་ཀློག་འཛིན་གྲྭའི་ཐོག་གྲོང་ཁྱེར་རིམ་པའི་འགོ་ཁྲིད་དང་རྫོང(ཆུས)ཨུད་ཁག་གི་ཧྲུའུ་ཅི། གྲོང་ཁྱེར་ཐད་གཏོགས་ཚན་པའི་འགན་འཁུར་བློ་མཐུན་གྱིས་བགྲོ་གླེང་བྱས་ཏེ་སྐད་ཆ་བདེན་པ་དང་གནས་ལུགས་ངོ་མ་གླེང་ཡོད།
《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》ནང་ཏང་ཡོན་གྱིས“མི་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་གང་ཐུབ་བྱེད་དགོས”ཅེས་བླང་བྱ་ཁ་གསལ་བཏོན་ཡོད། ནུས་པ་གང་ནས་ཡོང་བ་ཡིན་ནམ་ཞེ་ན། དེ་ནི་སྦྱོང་ཏེ་སྒྲུབ་འོང་བ་ཞིག་ཡིན།
“འགོ་ཁྲིད་དང་ལས་བྱེད་པའི་བར་ཧེ་བག་བྱུང་དོན་ནི་ཉམས་མྱོང་མ་ཡིན་པར་རིགས་གཞུང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། སྦྱངས་ཏེ་རྒྱུས་མངའ་ཤིན་ཏུ་ཆེ་བ་དང་། སྦྱངས་ནས་རྟོགས་པའི་འཆར་སྒོ་ཅ་རེར་ཤར་བ་ཞིག་བྱེད་དགོས།”
བདེ་སྐྱིད་ནི་འབད་འཐབ་ལས་བྱུང་བ་ཡིན།
བློ་བརྟན་འགྱུར་མེད་ཀྱིས་བརྟན་ལྷིང་སྲུང་སྐྱོབ་བྱ་རྒྱུ་དེ་ནི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱ་རྒྱུ་ཡུན་རིང་མཐའ་འཁྱོངས་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བཞག་ནས་དམ་འཛིན་གྱིས་ལྷོད་གཡེང་མི་གཏོང་བ་དང་དམ་འཛིན་མཐའ་འཁྱོལ་བྱེད་དགོས།
“ཁྲིམས་འགལ་ཉེས་གསོག་དང་ཁ་ཕྲལ་གཏོར་བཤིག་བྱེད་སྒོ་མཐའ་དག་བློ་རྩ་བརྟན་པོས་མཐའ་གཅིག་ཏུ་ཁྲིམས་ལྟར་ཐག་གཅོད་བྱས་ཏེ་གོམ་གང་ཕྱི་བཤོལ་བྱེད་མི་རུང་བ་དང་བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད”
“ཆབ་མདོ་ནི་སྒྲིག་ལམ་ཡོད་པ་མ་ཟད་དེ་བས་རྩ་ཁྲིམས་ཡོད་པའི་ས་ཆ་ཞིག་ཡིན་པས། ཁྲིམས་འོག་ཏུ་མི་འདུས་པའི་ས་ཞིག་མེད་ལ། ཁྲིམས་འོག་ཏུ་མི་འདུས་པའི་མི་ཞིག་དེ་བས་ཀྱང་མེད”
བོད་ཀྱི་འཕེལ་རྒྱས་ནི་དཔལ་འབྱོར་གྱི་གནད་དོན་རྐྱང་པ་ཙམ་མ་ཡིན་པར་དེ་ནི་ཆབ་སྲིད་ཀྱི་གནད་དོན་དང་། དཔལ་འབྱོར་གྱི་གནད་དོན། སྤྱི་ཚོགས་ཀྱི་གནད་དོན། དམངས་འཚོའི་གནད་དོན་བཅས་ཀྱི་རྩོད་སྒྲུབ་གཅིག་གྱུར་ཞིག་ཡིན།
“རྣམ་གྲངས་ནི་གནས་དང་། ཐོན་ལས་ནི་ཐིག དཔལ་འབྱོར་ནི་ངོས་བཅས་ཡིན། རྣམ་གྲངས་དམ་འཛིན་བྱ་རྒྱུ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་ཡིན་ལ། འཕེལ་རྒྱས་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་དམ་འཛིན་བྱེད་དགོས། ”
ཕ་མ་ལས་ང་ཚོ་སྐྱེ་ཞིང་མི་དམངས་ཀྱིས་ང་ཚོ་གསོས་ཤིང་བསྐྱངས་འོང་བ་ཡིན། མི་དམངས་ཆེས་མཐོ་སར་བཞག་པར་བྱས་ན་འབད་འཐབ་ཡོད་ཚད་དོན་སྙིང་ལྡན་ཞིང་ལས་རྗེས་ཚང་མ་གཞི་ནས་རིན་ཐང་ཡོད་པ་ཡིན།
“མང་ཚོགས་ཀྱིས་ཁེ་དབང་དང་། འགན་འཁྲི། འོས་འགན་བཅས་ལ་ཡང་དག་པས་ལྟ་སྟངས་བཟུང་བར་སློབ་གསོའི་ཁྲིད་སྟོན་བྱས་ཏེ་རང་ཉིད་ཀྱི་ལག་ཟུང་གཉིས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་འཁུར་བ་དང་ལེགས་སྐྱེས་འབུལ་དགོས”
“‘མང་ཚོགས་ཀྱི་ཁྲོད་ནས་ཡོང’ནས‘མང་ཚོགས་ནང་ནས་སློབ་མཁན་ཞིག’བྱེད་དགོས་ལ། ‘མང་ཚོགས་ཀྱི་ཁྲོད་དུ་སྐྱོད་དེ‘མང་ཚོགས་ནང་གི་བློ་མཐུན་ཞིག’ཀྱང་བྱེད་དགོས། མང་ཚོགས་ཡིད་ཆེས་པ་དང་། མང་ཚོགས་ཞབས་ཞུ། མང་ཚོགས་སློབ་གསོ། མང་ཚོགས་ཁྲིད་སྟོན་བཅས་ཕན་ཚུན་ཟུང་དུ་འབྲེལ་ཏེ‘དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན’མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་ཏན་ཏིག་སྤེལ་ནས‘ཡར་བརྩོན་རུ་ཁག’ཅིག་འཛུགས་རྒྱུ་ཡིན”
གནད་དོན་ཐོན་པ་ཕྱིར་མངོན་པ་ནི་དོན་རྐྱེན་བྱུང་བ་མ་ཡིན་ལ། གནད་དོན་ཐག་གཅོད་བྱས་པ་ཡང་དོན་རྐྱེན་བྱུང་བ་མ་ཡིན། ཤུགས་རྐྱེན་ངན་པ་བཟོས་ན་གཞི་ནས་དོན་རྐྱེན་བྱུང་བ་ཡིན།
“ ཏང་ཡོན་ལས་བྱེད་པ་གནས་ཚུལ་ཐོན་རྒྱུར་སྐྲག་པའི་ལྕགས་སྒྲོག་ལས་བཅིངས་འགྲོལ་ཐོབ་དགོས”
སྐོར་གཟིགས་དག་ཐེར་ལས་དོན་ནི་ཏང་ཡོན་ལས་བྱེད་པའི་ཏང་གཤིས་ཀྱི་ཉམས་ཚོད་ཅིག་ཡིན་པས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཕན་འབྲས་དང་ཐད་ཀར་འབྲེལ་བ་ཡོད།
“ ཏང་དང་། མི་དམངས། བྱ་གཞག རྩ་འཛུགས། རང་ཉིད་བཅས་ལ་འགན་འཁུར་བའི་ཁ་གསལ་ཐག་ཆོད་ཀྱི་རྣམ་འགྱུར་ཐོག་ནས་དག་ཐེར་དམ་འཛིན་བྱེད་པ་ལས། གོང་གཏམ་ཚོང་རྒྱག་བྱེད་ས་གང་ཡང་མེད”
“ དག་ཐེར་ལས་དོན་དེ་ཚན་ཁག་དཔུང་སྡེ་འཛུགས་སྐྱོང་དང་ལས་བྱེད་དཔྱད་དཔོག་གདེང་འཇོག་བཀོལ་སྤྱོད་བཅས་དང་ཟུང་འབྲེལ་བྱས་ཏེ། གནད་དོན་ཅན་གྱི་མི་གཡོ་ཟོལ་གྱིས་ཐར་ཐབས་གཏན་ནས་མི་གཏོང”
ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ནི་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་གྱི་འགན་སྲུང་ནུས་ལྡན་དེ་ཡིན།
“བཤད་ན་བསྒྲུབས་པར་བརྩི་བ་དང་། བསྒྲུབས་ན་གྲུབ་པར་བརྩི་བ། གྲུབ་ན་ལེགས་པར་བརྩི་བའི་ཚུལ་མིན་སྤྱོད་ཚུལ་མཐའ་གཅིག་ཏུ་ཡོ་བཅོས་བྱས་ཏེ། ཁ་ཐོག་ལ་འཇོག་པ་དང་། གཏན་འཁེལ་བྱུང་བ་སྒྲུབ་པ། ལམ་སེང་འཕྲལ་སྒྲུབ་ཀྱི་རྣམ་པ་ཡོངས་སུ་ཁྱབ་ཏུ་འཇུག་དགོས”
“ ལས་བྱེད་པར་དྲང་པོ་དྲང་གཞག་བྱེད་པ་དང་། དྲང་སྙོམས་ཀྱིས་ལས་བྱེད་པར་གདེང་འཇོག དྲང་བདེན་གྱིས་ལས་བྱེད་པ་བཀོལ་སྤྱོད་བཅས་བྱས་ཏེ། ལས་བྱེད་པར་ལས་དོན་དངོས་སྒྲུབ་པ་དང་། ལས་དོན་སྒྲུབ་ནུས་པ། ལས་དོན་སྒྲུབ་ཐུབ་པ་བཅས་བྱས་ན་རྩ་འཛུགས་ཀྱིས་སྦས་སྐུངས་བྱེད་མི་སྲིད་པ་མཐོང་དུ་འཇུག་དགོས”
“རང་གཅུན་ནན་པོ་དང་རང་འགན་རང་འཁུར། བདག་སྐྱོང་དོ་དམ་ནན་པོ་བཅས་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་དགོས”
གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད། སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་ནུས་ཤུགས་བཏོན་ནས་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ་བཅས་བྱས་ཏེ།
“ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ”ཡིན་པའི་ལ་རྒྱ་དང་མཚན་སྙན་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་བཞིན་ཡོད།

