国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年04月07日

ཀྲོང་ཅིན་སུང་གིས་པེ་ཅིང་གྲོང་ཁྱེར་འཛུགས་སྐྲུན་འཆར་འགོད་འཕེལ་རྒྱས་ཚོགས་པའི་ཏང་ཨུད་ཧྲུའུ་ཅི་སྤྱི་ཁྱབ་ཅིང་ལི་ཤཱ་ཞིའུ་ཅང་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས1ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་པེ་ཅིང་གྲོང་ཁྱེར་འཛུགས་སྐྲུན་འཆར་འགོད་འཕེལ་རྒྱས་ཚོགས་པའི་ཏང་ཨུད་ཧྲུའུ་ཅི་སྤྱི་ཁྱབ་ཅིང་ལི་ཤཱ་ཞིའུ་ཅང་དང་བཞུགས་མོལ་གནང་བ་རེད།

ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཚབ་ཞུས་ནས་ཤཱ་ཞིའུ་ཅང་དང་བཅས་པར་དགའ་བསུ་ཞུས་པ་དང་། ཁོང་གིས་མིག་སྔར་ཆབ་མདོས“ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་དང་། མཐའ་འཁོར་གྱི་དཔལ་འབྱོར་ཁུལ་ནང་ཞུགས་པའི་ལྷུ་ཚིགས་གལ་ཆེན་དང་སྒོ་དབྱེའི་ལྟེ་བ། འགྲིམ་འགྲུལ་ལྟེ་བ་ཞིག་ཏུ་གཏོད་པ། བོད་ཤར་གྱི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི”ངེས་གནས་ལ་དམིགས་ཏེ་ནུས་ཤུགས་ཡོད་རྒུས“3+1+1”གི་ལས་འགན་ཁག་ལྔར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཁེ་ལས་རིགས་འཕེལ་རྒྱས་འགྲོ་བར་གར་སྟེགས་རྒྱ་ཆེན་པོ་མཁོ་འདོན་བྱེད་བཞིན་ཡོད། པེ་ཅིང་གྲོང་ཁྱེར་འཛུགས་སྐྲུན་འཆར་འགོད་འཕེལ་རྒྱས་ཚོགས་པ་ལ་གྲོང་ཁྱེར་འཛུགས་སྐྲུན་དང་། འགྲིམ་འགྲུལ་འཆར་འགོད། རིག་གནས་ཡུལ་སྐོར་གསར་སྤེལ་སོགས་ཀྱི་ཁྱབ་ཁོངས་སུ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་དང་ལེགས་ཆ་འབུར་དུ་ཐོན་པ་ཡོད། ཁེ་ལས་ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་ནང་ཞུགས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ཀྱི་ཐད་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ལེགས་ཆ་གསབ་རེས་དང་ཉིས་ཕན་མཉམ་རྒྱལ་ཡོང་རྒྱུའི་རེ་བ་ཡོད། ཆབ་མདོས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ནས་ཁེ་ལས་འཕེལ་རྒྱས་འགྲོ་བར་སྤུས་ལེགས་ཞབས་ཞུ་བྱ་རྒྱུ་ཡིན་ཅེས་བསྟན།

ཤཱ་ཞིའུ་ཅང་གིས་ཆབ་མདོས་དུས་ཡུན་རིང་པོའི་ནང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་པེ་ཅིང་གྲོང་ཁྱེར་འཛུགས་སྐྲུན་འཆར་འགོད་འཕེལ་རྒྱས་ཚོགས་པས་རང་ངོས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆབ་མདོའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ། གྲོང་ཁྱེར་གསར་སྒྱུར་དང་། འགྲིམ་འགྲུལ་འཛུགས་སྐྲུན། རིག་གནས་ཡུལ་སྐོར་གསར་སྤེལ་སོགས་ཀྱི་ཐད་མཉམ་ལས་གཏིང་ཟབ་བྱས་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པའི་བསམ་པ་བསྟན་ཡོད།