འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས29ཉིན་ནས་ཚེས30ཉིན། ཆབ་མདོ་གྲོང་ཁྱེར་གྱི་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་དགོན་སྡེ་གཙོ་བོར་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་གསབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་རྫོང་རིམ་པའི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང89དང་གཙོ་གནད་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང59ཡི་འགན་འཁུར་བ་གཙོ་བོ་གསབ་སྦྱོང་ཞུགས་ཡོད།
ཐེངས་འདིའི་བྱེད་སྒོ་ནི་དགེ་འདུན་པ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་མི་སྣ་བཅས་མི100ལྷག་ལ་ཁྱབ་ཡོད་པ་དང་། དགོན་སྡེའི་མེ་ཟོན་བདེ་འཇགས་ཤེས་བྱ་སློབ་སྦྱོང་བྱས་ཏེ་འཕྲལ་སྒྲུབ་ཀྱི་ནུས་པ་མཐོར་འདེགས་བྱུང་ཡོད།

