འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དུས་ཡུན་ཟླ་བ་བདུན་ལྷག་གི་ཞིབ་ཚགས་བཀོད་སྒྲིག་དང་ཚ་ཚ་འུར་འུར་གྱི་འགྲན་སྡུར་ཐེངས་ཁྲི3.6 སྤེལ་ཞིང་མི་ཁྲི80ལྷག་སྤྲོ་སེམས་ཀྱིས་ཞུགས་ཏེ་གྲོང་ཁྱེར་རིམ་པའི་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པའི་གཟིགས་སྐྱོང་སྲིད་ཇུས་ཁག60མུ་མཐུད་དུ་དོན་ཐོག་ཏུ་འཁྱོལ་བར་བྱུང་ཡོད། 2025ལོར། ཆབ་མདོ་གྲོང་ཁྱེར་གྱིས“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་ལ་དམ་པོར་དམིགས་ཏེ། གསར་གཏོད་རང་བཞིན་གྱི་སྒོ་ནས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་དང་པོ་སྤེལ་བ་རེད།
ཐེངས་འདིའི་བྱེད་སྒོ་ནི་དམར་མདངས་གཞི་རྟེན་དུ་བཟུང་ཞིང་མང་ཚོགས་གཙོ་བོར་བྱས་པའི་རྒྱས་འཛོམས་ཀྱི་སྟོན་མོ་ཞིག་ཡིན། དེ་ནི་རྩལ་དང་འཇོན་ཐང་ངོམ་པའི་འགྲན་སྡུར་ཐེངས་ཤིག་ཡིན་པ་མ་ཟད། བཅོས་སྐྱོང་གི་གསར་གཏོད་ཐེངས་ཤིག་དེ་བས་ཀྱང་ཡིན། བྱེད་སྒོ་མཇུག་འགྲིལ་རྗེས། ཆབ་མདོ་གྲོང་ཁྱེར་གྱིས“ལེགས་སྒྱུར་ནུས་འདེགས”མཐའ་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་གྲུབ་འབྲས་ལེགས་སྒྱུར་གྱི“མཇུག་འཕྲོའི་ལས་དོན”ཡག་པོ་སྒྲུབ་པ་དང་། འགྲན་སྡུར་གྱི“ཟེར་བཀྲག་ཆེ་དུས”དེ་འཕེལ་རྒྱས་ཀྱི“ཡུན་ཕན་སྔོག་འདྲེན”དུ་བསྒྱུར་ཏེ། “འགྲན་སྡུར་ལ་བརྟེན་ནས་ཤེས་ལྡན་པ་འདུ་འཛོམས་དང་ལེགས་སྒྱུར་ལ་བརྟེན་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི”མི་སེམས་འགུལ་བའི་རི་མོ་ཞིག་བཞེངས་སྐྲུན་བྱས་ཡོད།
“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་དང་པོ་མཇུག་འགྲིལ་ཡང་། གྲུབ་འབྲས་ལེགས་སྒྱུར་གྱི་གོམ་པ་ནམ་ཡང་སྤོ་མཚམས་བཞག་མྱོང་མེད། ཆབ་མདོ་གྲོང་ཁྱེར་གྱིས་དེ་ཉིད་འགོ་ཚུགས་ས་གསར་པ་ཞིག་ཏུ་བཟུང་ནས་གསར་བརྗེའི་གཞི་རྒྱུ་འཕེལ་རྒྱས་ཀྱི་ཁྲག་རྒྱུན་ནང་ཞུགས་ཏེ། དར་རྒྱས་ཡར་བརྩོན་གྱི་འབོད་སྐུལ་གཙང་གསུམ་ས་གཞི་ཆེ་མོའི་ཐོག་ཏུ་བསྒྲགས་ནས“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་ཀྱི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད།

