国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年04月03日

གོ་འཇོ་རྫོང་གིས“སློབ་མགོ་ཚུགས་པའི་སློབ་ཚན་དང་པོ”སྟེ་ཕྲུ་གུའི་བདེ་ཐང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས1ཉིན། གོ་འཇོ་རྫོང་མི་དམངས་སྨན་ཁང་གིས་རྫོང་སློབ་གསོ་ཅུས་དང་། རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་མཉམ་འབྲེལ་ཐོག་ཆེད་ལས་སྨན་བཅོས་ཚོགས་པ་བཙུགས་ཏེ་བུ་བཅོལ་ཁང་དུ2026ལོའི་དཔྱིད་དུས་ཀྱི“སློབ་མགོ་ཚུགས་པའི་སློབ་ཚན་དང་པོ”སྟེ་ཕྲུ་གུའི་བདེ་ཐང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། “ཆེད་ལས་ཀྱི་ཚན་རིག་ཁྱབ་གདལ+མཉམ་འགུལ་སྦྱོང་བརྡར”བཅས་ཀྱི་སྤྲོ་སྣང་རྣམ་པ་བརྒྱུད་དེ་ཕྲུ་གུ་ཚོར་བདེ་ཐང་གི་ཤེས་བྱ་ངོ་སྤྲོད་བྱས་ཡོད།

ཐེངས་འདིའི་སྒྲོག་འགྲེལ་ཚོགས་པ་ནི་རྫོང་མི་དམངས་སྨན་ཁང་གི་མ་བུ་བདེ་སྲུང་ཁའོ་དང་། ཁ་ནང་ཁའོ་བཅས་ཀྱི་རྐང་འཛིན་སྨན་པ8ལས་གྲུབ་པ་ཡིན་པ་དང་། གོ་འཇོ་རྫོང་བུ་བཅོལ་ཁང་དུ་བསྐྱོད་དེ་བདེ་ཐང་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་བུ་བཅོལ་ཁང་དེའི་དགེ་སློབ200ལྷག་ལ་ཕན་པ་ཐོན་ཡོད།