འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། སྙན་སེང་ལ་གསན་པ་དང་། གནས་བབ་ལ་དབྱེ་ཞིབ། ལས་དོན་བཀོད་སྒྲིག་བཅས་གནང་ཡོད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དེའི་ནང་དོན་ཕུན་སུམ་ཚོགས་ལ་དགོངས་པ་གཏིང་ཟབ་པས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལེགས་པར་སྒྲུབ་པ་དང་འཐབ་ཕྱོགས་གཅིག་གྱུར་གྱི་ཐུན་མིན་ནུས་པ་འདོན་སྤེལ་བྱ་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཁོག་ལ་སྤྱི་ཇུས་འདིང་། གཞི་མ་སྤྱི་ལ་ཚུགས་པའི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་ལས་དོན་ལེགས་པར་བསྒྲུབས་ནས། “ཐམས་ཅད་ཁ་ཤར་ལ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་གྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན”ལས་ཀའི་དམིགས་ཚད་ལ་ཞབས་འདེགས་ཞུ་དགོས་ཅེས་བསྟན།
ཚོགས་འདུའི་ཐོག “ལོ་ལྔ་ཚན་བཅོ་ལྔ་པའི”རིང་འཐབ་ཕྱོགས་གཅིག་གྱུར་གྱིས་སེམས་ཤུགས་གཅིག་སྒྲིལ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུའི་ལས་འགན་ལྕི་ལ་བླང་བྱ་སྔར་ལས་མཐོ་བས། བློ་ཐག་རྦད་ཆོད་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དག་བློ་བརྟན་འགྱུར་མེད་ངང་དམ་འཛིན་མཐར་ཕྱིན་གྱིས་གྲུབ་འབྲས་ཐོན་དགོས་ཤིང་། འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་གཙོ་གནད་དང་དཀའ་གནད་ཆེ་བའི་ལས་འགན་ལ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྐུལ་འདེད་གཏོང་དགོས། བསམ་བློ་དང་ཆབ་སྲིད་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ལས་ཀའི་ཕན་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་དང་། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བསྐྱེད་པ་དང་ལག་ལེན་སྐོར་གྱི་སློབ་སྦྱོང་སློབ་གསོ་དམ་འཛིན་ལེགས་པར་གྱིས་ཏང་ཡོན་ལས་བྱེད་པའི་བསམ་བློའི་སྦྱོང་བརྡར་དང་ཆབ་སྲིད་སྦྱོང་བརྡར། ལག་ལེན་སྦྱོང་བརྡར། ཆེད་ལས་སྦྱོང་བརྡར་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་མིག་དཔེའི་ལས་ཁུངས་རྩེ་གྲ་ཞིག་འཛུགས་སྐྱོང་བྱེད་དགོས་ཅེས་ནན་བཤད་གནང་ཡོད།
གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་རྣམས་ཚོགས་འདུ་ཞུགས་ཡོད།

