国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年04月03日

ཀྲོང་ཅིན་སུང་གིས་ཀྲུང་གོ་ཆུ་བེད་ཆུ་གློག་བཟོ་སྐྲུན་ཅུས་དགུ་བའི་ཚད་ཡོད་ཀུང་སི་ཏང་ཨུད་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཀྲིག་ཀྲིན་རུང་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས30ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཀྲུང་གོ་ཆུ་བེད་ཆུ་གློག་བཟོ་སྐྲུན་ཅུས་དགུ་བའི་ཚད་ཡོད་ཀུང་སི་ཏང་ཨུད་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཀྲིག་ཀྲིན་རུང་དང་བཞུགས་མོལ་གནང་བ་རེད།

ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཚབ་ཞུས་ནས་ཀྲིག་ཀྲིན་རུང་བཅས་པར་དགའ་བསུ་ཞུས་པ་དང་། ཁོང་གིས་ཆབ་མདོའི་ས་ཁོངས་ཀྱི་ལེགས་ཆ་མངོན་པ་དང་ནུས་རྒྱུ་གཙང་མའི་ཐོན་ཁུངས་འཛོམས་པོ་ཡོད། མིག་སྔར་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ཁུངས་གསར་སྤེལ་བྱེད་པའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་ཧུར་ཐག་བྱས་ཏེ། “རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད། ཆུ་གློག་བཟོ་སྐྲུན་ཅུས་དགུ་བའི་ལག་རྩལ་གྱི་སྟོབས་ཤུགས་ཆེ་ཞིང་ལས་ཀའི་སྤྱོད་ཚུལ་ལེགས་པོ་ཡོད་པས། རང་ངོས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ནུས་རྒྱུ་གཙང་མའི་ཐོན་ཁུངས་གསར་སྤེལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ། ཚན་རྩལ་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་ཀྱི་ལས་བཟོ་པ་དེ་བས་མང་པོ་ཞིག་གསོ་སྐྱོང་བཅས་བྱས་ཏེ། ཆབ་མདོར་ཞབས་ཞུ་དང་འཛུགས་སྐྲུན་བྱ་རྒྱུའི་རེ་བ་ཡོད། ཆབ་མདོས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཁེ་ལས་འཕེལ་རྒྱས་འགྲོ་བར་ཞབས་ཞུ་དང་འགན་ལེན་ཡག་པོ་སྒྲུབ་དགོས་ཅེས་བསྟན།

ཀྲིག་ཀྲིན་རུང་གིས་ཆབ་མདོས་དུས་ཡུན་རིང་པོའི་ནང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁེ་ལས་ཀྱི་ཐོན་ལས་གཉེར་སྐྱོང་དང་ཆབ་མདོར་ལས་སྒོ་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཁོང་གིས་ཆུ་གློག་བཟོ་སྐྲུན་ཅུས་དགུ་བ་ཡིས་ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་འགན་འཁྲི་དང་སྤྱི་ཚོགས་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་། ཆབ་མདོའི་དགོས་མཁོ་དང་ཁེ་ལས་ཀྱི་འཇོན་ནུས་ལ་དམིགས་ཏེ་མཉམ་ལས་ཀྱི་བར་སྟོང་ཆེ་རུ་གཏོང་བ། སྤུས་ཚད་མཐོ་ཤོས་དང་ཕན་འབྲས་ཆེ་ཤོས་ཀྱིས་ཆབ་མདོར་རྣམ་གྲངས་འཛུགས་སྐྲུན་བྱས་ཏེ་ཆབ་མདོ་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་ཆེད་འགན་འཁྲི་འཁུར་བ་དང་ལེགས་སྐྱེས་འབུལ་རྒྱུ་ཡིན་པའི་བསམ་པ་བསྟན་ཡོད།