国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月31日

བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་ནས་ལོ་༦༧འཁོར་བར་དྲན་གསོ་ཞུ།

ཆབ་མདོའི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་རིག་རྩལ་འཁྲབ་སྟོན་བྱས་ཏེ་དར་རྒྱས་དང་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ།

འདི་ནི་འཁྲབ་སྟོན་གྱི་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས28ཉིན། ཆབ་མདོ་གྲོང་ཁྱེར་གྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་བློ་ཞིབ་མོས་གྲ་སྒྲིག་བྱས་པའི་རིག་རྩལ་འཁྲབ་སྟོན་དེ་ཁམས་པའི་རིག་རྩལ་འཁྲབ་སྟོན་ལྟེ་གནས་སུ་སྤེལ་བ་རེད། ཐུན་མོང་མ་ཡིན་པའི་རྣམ་པའི་ཐོག་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་ནས་ལོ་༦༧འཁོར་བར་དྲན་གསོ་ཞུས་པ་དང་། ཕྱོགས་ཡོངས་དང་ཟུར་མི་འདྲ་བའི་ལམ་ནས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བརྒྱུད་རིམ་ཁྲོད་སྲིད་ཁྲིམས་ཧྲག་དམག་གི་ཉམས་འགྱུར་དང་བློ་བརྟན་འགྱུར་མེད་ཀྱི་ཡིད་ཆེས་མངོན་པར་བྱས་ཡོད།

ཐེངས་འདིའི་རིག་རྩལ་འཁྲབ་སྟོན་ནི་མཐོང་ཚོར་དང་ཉན་ཚོར་གྱི་གསོལ་སྟོན་ཐེངས་ཤིག་ཡིན་པ་མ་ཟད་བསམ་བློ་གཅིག་འགྲིལ་ཟབ་མོ་ཐེངས་གཅིག་ཀྱང་ཡིན། དེས་ཆབ་མདོའི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ཉེན་རྟོག་པས་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་འཆང་ནས་འགན་འཁྲི་ཕྲག་ཏུ་འཁུར་བར་སྐུལ་མ་བཏང་བ་དང་། བློ་སེམས་བརྟན་པོའི་ཡིད་ཆེས་དང་དཔའ་ངར་ཆེ་བའི་ཉམས་འགྱུར་ལ་བརྟེན་ནས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་རྒྱང་ལམ་གསར་པའི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་པ་དང་། ཐུན་མོང་ཐོག་ཆབ་མདོ་སྔར་བས་འོད་སྟོང་འབར་བའི་སང་ཉིན་རྩོམ་དགོས།