འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས26ཉིན། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ67འཁོར་བ་དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བའི་དྲན་གསོའི་ཉིན་མོ་ཐེངས18སླེབས་ལ་ཉེ་བའི་མཚམས་སུ། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཆེད་དོན་སྒྲོག་འགྲེལ་སྙན་ཞུ་དེ་ཆབ་མདོར་སྤེལ་བ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།
སྙན་ཞུའི་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཆབ་མདོ་གྲོང་ཨུད་ཏང་གི་སློབ་གྲྭའི་མཐོ་རིམ་དགེ་རྒན་ལིས་ཤཱ་ཡིས“རླབས་ཆེན་གྱི་འཕོ་འགྱུར། འགྱུར་མེད་ཀྱི་རྡོ་རིང”ཞེས་པའི་བརྗོད་དོན་ལ་དམ་པོར་དམིགས་པ་དང་། ཕྱོགས་བཞིའི་ཐད་ཀྱི་སྙན་ཞུ་བྱས་ཏེ་ལོ་རྒྱུས་ཀྱི་ལྟ་བ་ཆེན་པོའི་ཐོག་ནས་བོད་ཀྱི་འཕོ་འགྱུར་ལ་ཕྱིར་ལྟ་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡོད་མི་སྲིད་པའི་ལོ་རྒྱུས་ཀྱི་དངོས་ངེས་རང་བཞིན་གསལ་བཤད་བྱས་པས་ཚང་མས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
དངོས་གྲུབ་ཟླ་བ་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ལོ་རྒྱུས་ལ་ཕྱིར་དྲན་བྱེད་པའི་ཁྲོད་ནས་བློ་དཀར་གཞུང་དྲང་བྱེད་པ་དང་། ཁྲག་རྒྱུན་རྒྱུད་འཛིན་ཁྲོད་ནས་ཡར་བརྩོན་སྐུལ་སློང་། འཕོ་འགྱུར་བློ་ལ་འཆང་བའི་ཁྲོད་ནས་དངོས་སྒྲུབ་འབད་འཐབ་བྱེད་དགོས། དྲིན་ཚོར་གྱི་བརྩེ་བ་བྱ་སྤྱོད་དུ་འགྱུར་བར་བྱས་ཏེ“དོན་ཆེན་བཞིར”དམ་པོར་དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་རྒྱག་པ། “ལས་འགན་གྱི་འདེགས་སྐྱོར་ཆེ་མོ་དགུ”དང་“3+1+1”ལས་དོན་ཁག་ལྔ་དོན་ཐོག་ཏུ་འཁྱོལ་བ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཐད་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་སྤེལ་བཏང་སྟེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ཆབ་མདོའི་འགན་འཁྲི་འཁུར་བ་དང་ཆབ་མདོའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་ཡོད།

