国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月31日

གྲོང་ཁྱེར་སྲིད་གྲོས་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་ནས་ལོ་༦༧འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་ནས་ལོ་༦༧འཁོར་བར་དྲན་གསོ་ཞུ་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་ཆེད། ཟླ3པའི་ཚེས27ཉིན་གྱི་སྔ་དྲོ། གྲོང་ཁྱེར་སྲིད་གྲོས་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་ནས་ལོ་༦༧འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲའོ་པིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཝུན་ལི་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།

ཀྲའོ་པིང་གིས་ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་རྩོམ་པའི་ལོ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ75འཁོར་བའི་ལོ་ཡིན་ལ། ཆབ་མདོས་མགྱོགས་མྱུར་ངང་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་པའི་འགག་རྩའི་ལོ་དེ་བས་ཀྱང་ཡིན། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་ཏེ་ཕྱོགས་ཁག་གི་སྟོབས་ཤུགས་དང་ཡར་བརྩོན་གྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བར་ཁྱོན་ཡོངས་དང་འབྲེལ་བ་དང་ལས་འགན་ཆེན་པོ་ལྡན་ཡོད་ཅེས་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་སྲིད་གྲོས་ཨུ་ཡོན་ལྔ་ཡིས་རང་ཉིད་ཀྱི་ལས་དོན་དང་འཚོ་བའི་དོན་དངོས་དང་འབྲེལ་ཏེ་རིམ་པ་བཞིན་དུ་གཏམ་བཤད་སྤེལ་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་བའི་རླབས་ཆེན་གྱི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ཤིང་། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ལ་བསྟོད་གླུ་འབུལ་ནས་ཏང་གི་བླ་མེད་བརྩེ་སེམས་དང་མཛེས་སྡུག་ཆབ་མདོ་བསྐྲུན་པའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད།