འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས28ཉིན། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བའི་དྲན་གསོ་ཉིན་མོ་སླེབས་ལ་ཉེ་བའི་མཚམས་སུ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བརྗོད་དོན་གཙོ་བོའི་བྱེད་སྒོ་ཏན་ཏིག་ངང་གཏིང་ཟབ་སྤེལ་ཆེད། གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གཉིས་པར“”ཞེས་པ་བརྗོད་དོན་གཙོ་བོའི་དྲན་གསོ་བྱེད་སྒོ་སྤེལ་བ་རེད། ཧྲེ་ཀྲང་གཞོན་པ་ཕུའུ་ཡུས་ཧུའེ་བྱེད་སྒོ་ནང་ཞུགས་ཡོད།
གྲོང་ཁྱེར་དམངས་སྲིད་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་ཐའོ་ལིན་གྱིས་ཐེངས་འདིའི་དྲན་གསོ་བྱེད་སྒོ་སྤེལ་བ་དེ་ནི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས“དམངས་སྲིད་དམངས་ཆེད་དང་དམངས་སྲིད་དམངས་གཅེས”ཀྱི་ལྟེ་བའི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ཏེ“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ཏན་ཏིག་གིས་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན། གོམ་སྟབས་རྗེས་མར། ཅུས་དེ་གས་ཐེངས་འདིའི་བྱེད་སྒོ་གཞི་རྟེན་དུ་བཟུང་ནས་རྒྱུན་རྣམ་ཅན་གྱིས་དམར་མདངས་སློབ་གསོ་དང་གཅིག་ཕན་རོགས་སྐྱོབ་ཞབས་ཞུ་སྤེལ་བ་དང་། ཕན་བདེའི་སྒྲིག་གཞིའི་ཞབས་ཞུ་མ་ལག་རྒྱུན་མཐུད་ཀྱིས་འཐུས་ཚང་དུ་གཏོང་བ། ཕྲུ་གུའི་གཅེས་སྐྱོང་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། སེམས་ནུས་ཡོད་རྒུས་གངས་ལྗོངས་ས་མཐོའི་ཕྲུ་གུ་ཚང་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་ཏེ། གསར་བརྗེའི་གཞི་རྒྱུ་དེ་མཐོ་སྒང་སྟེང་མི་རབས་ནས་མི་རབས་བར་རྒྱུད་འཛིན་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།

