国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月31日

ཏང་བློ་བདེ་པོ་དང་མི་དམངས་བློ་ཡིད་ཚིམས་པའི་དཔེ་སྟོན་ལས་ཁུངས་ཤིག་ཧུར་ཐག་གིས་བསྐྲུན་དགོས།

—ཀྲོང་ཅིན་སུང་ཁོངས་གཏོགས་ཏང་ཀྲི་པུའི་སློབ་སྦྱོང་ཚོགས་འདུ་ཞུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་གཞུང་དོན་ཁང་ལས་ཁུངས་ཏང་ཨུད་ཀྱི་ཀྲི་པུའུ་ཨང་དང་པོའི་སློབ་སྦྱོང་ཚོགས་འདུ་ཕེབས་ཏེ་ཀྲི་པུའི་ཏང་ཡོན་མཉམ་དུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་གཞུང་དོན་ཐིང་ལས་དོན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་རེད།

ཚོགས་འདུའི་ཐོག་ཏང་ཡོན་གྱི་འཐུས་མིས་སློབ་སྦྱོང་གི་མྱོང་ཚོར་མཉམ་སྤྱོད་བྱས་པ་རེད། ཀྲོང་ཅིན་སུང་གིས་གཏམ་བཤད་ལ་ནན་ཏན་གྱིས་གསན་ཞོར་དུ་བློ་མཐུན་ཚོ་དང་སྤེལ་རེས་གཏིང་ཟབ་གནང་བ་མ་ཟད། ཚང་མའི་སྣེ་ཁྲིད་དེ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》བསྐྱར་དུ་སློབ་སྦྱོང་བྱས་པ་རེད། ཁོང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་ནི་ཏང་གཤིས་ཡིན། གྲོང་ཨུད་གཞུང་དོན་ཁང་ནི་ཆབ་སྲིད་ཀྱི་ལས་ཁུངས་ཨང་དང་པོ་ཞིག་ཡིན་པའི་ཆ་ནས“སྲུང་སྐྱོབ་གཉིས”ལག་ལེན་བསྟར་བའི་འཐབ་ས་དང་པོ་ཡག་པོ་བསྐྱོད་དེ་ཐོག་མཐའ་བར་གསུམ་དུ“ཏང་དོན་གཞུང་དོན་ཁང་གི་ངོ་བོ་ཏང་ཡིན་པ”མཐའ་འཁྱོངས་བྱེད་པ་དང་།“ཚད་གཞི་དང་། དཔེ་བཟང་། དཔེ་སྟོན་དང་ལས་ཁུངས་རྩེ་གྲ”འཛུགས་སྐྱོང་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བོའི“སྒྲུབ་པ་གསུམ་དང་ཞབས་ཞུ་གསུམ”གྱི་ལས་དོན་ཕན་འབྲས་ལ་བརྟེན་ནས“ལས་འགན་འདེགས་སྐྱོར་ཆེ་མོ་དགུ”དོན་ཐོག་ཏུ་འཁྱོལ་བར་སྐུལ་སྤེལ་བཏང་སྟེ། གྲོང་ཨུད་ཀྱི“ནུས་ལྡན་གྱི་མདུན་ཕྱོགས་སོ་སྲུང”དང“སྲ་བརྟན་གྱི་སྦུག”ཅིག་གཏོད་དགོས་ཅེས་བསྟན།

ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་ཏང་གི་གཞུང་དོན་ཁང་གི་ལས་དོན་པས་ཏང་གཤིས་ཆེ་རུ་གཏོང་བ་དང་། རིག་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ། མི་ཚུལ་ལྡན་ཞིག་བྱེད་པ་དང་རང་འགན་ལེགས་པར་སྒྲུབ་པ་བཅས་བྱས་ཏེ། ལས་ཀ་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ལས་དོན་གང་དེ་བྱ་གཞག་ཅིག་ཏུ་བརྩི་བ་དང་། ལས་གནས་གང་དེ་གཡུལ་ས་ལྟ་བུར་བརྩིས་ཏེ་ལེགས་པར་སྒྲུབ་དགོས། གཏན་འབེབས་ལ་བརྩི་སྲུང་དང་། སྒྲིག་ལམ་ཡག་པོ་སྲུང་བ་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས། སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། ཡ་རབས་ཚུལ་ལྡན་དང་སྤྱོད་གཙང་རང་གཅུན་གྱི་ཀུན་སྤྱོད་བཟང་པོ་དེ་དག་ཆབ་སྲིད་དོན་གཉེར་དང་རིན་ཐང་གདམ་ག བྱ་བ་བྱེད་ལུགས་བཅས་སུ་བསྒྱུར་ནས་ཏང་ལ་བརྩི་བཀུར་དང་མི་དམངས་ལ་བརྩི་བཀུར། སྒྲིག་ཁྲིམས་ལ་བརྩི་བཀུར་བཅས་ཞུ་དགོས་ཤིང་། རྩ་འཛུགས་ཀྱི་བཀོད་སྒྲིག་ལ་ཉན་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤངས་ཏེ།“ཐམས་ཅད་ཁ་ཤར་ལ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར”འཛུགས་སྐྲུན་བྱེད་དགོས་ཅེས་མངགས་བཅོལ་གནང་ཡོད།

ཅཱ་ཤིན་ཡུས་སློབ་སྦྱོང་ཚོགས་འདུ་ཞུགས་ཡོད།