国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月31日

ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ནས།

བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་67 འཁོར་བར་དྲན་གསོ་ཞུས་པ།

འོག་གི་པར།ཟླ3པའི་ཚེས28ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ67འཁོར་བར་དྲན་གསོ་ཞུས་པ་རེད། འདི་ནི་ཆབ་མདོ་གྲོང་ཁྱེར་གྱི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་དང་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་འཐུས་མི་མཉམ་དུ་ཞུགས་པ།

གཡོན་གྱི་པར། ཟླ3པའི་ཚེས28ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ67འཁོར་བར་དྲན་གསོ་ཞུས་པ་རེད། འདི་ནི་རྒྱལ་དར་སྒྲེང་བའི་མཛད་སྒོའི་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས28ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ67འཁོར་བར་དྲན་གསོ་ཞུས་པ་རེད། ཆབ་མདོ་གྲོང་ཁྱེར་གྱི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་དང་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་འཐུས་མིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ67འཁོར་བར་དྲན་གསོ་ཞུས་པ་རེད།

བཅིངས་འགྲོལ་ཐང་ཆེན་ཐོག་སྤྲོ་སེམས་རབ་ཏུ་འཁོལ་བ་དང་ཆབ་མདོ་བཅིངས་འགྲོལ་ཐོབ་པའི་དྲན་གསོ་རྡོ་རིང་ཀྲོང་འགྱིང་ཞིང་།“མི་དམངས་ཀྱི་དཔའ་བོ་ནམ་ཡང་མི་ནུབ་པར་གྱུར་ཅིག”ཅེས་པའི་ཡིག་འབྲུ་ཧ་ཅང་གསལ། ཕྱོགས་གཉིས་ཀྱི་གློག་རྡུལ་ཤེལ་ངོས་ཐོག“3·28བོད་ཀྱི་ཡར་ལངས་ཞིང་བྲན་གྱི་དུས་ཆེན”ཞེས་པའི་ཡིག་འབྲུ་དག་བཀྲག་མདངས་རབ་ཏུ་འཚེར།

ཆུ་ཚོད་10པ་ཏག་ཏག་ལ། རྒྱལ་དར་སྒྲེང་བའི་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། རྒྱལ་དར་སྲུང་སྐྱེལ་རུ་ཁག་གིས་གོམ་སྟབས་བརྟན་པོ་སྤོས་ཏེ་རྒྱལ་དར་སྒྲེང་སྟེགས་སུ་སྲུང་སྐྱེལ་བྱས། དམག་མིའི་རོལ་ཆ་རུ་ཁག་གིས་རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》བཀྲོལ་བ་དང་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིས་དལ་བུར་སྒྲེང་བའི་སྐར་ལྔའི་དར་དམར་ལ་ཕྱོགས་ཏེ་སྒམ་བརླིང་ལྡན་པའི་ངང་ཀྲོང་ངེར་ལངས་ནས་སྐད་གསང་མཐོན་པོས་མཉམ་དུ་རྒྱལ་གླུ་བླངས།

དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་ནས་ཐང་ཆེན་གྱི་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།

ལོ་67གྱི་གོང་དུ་ཀྲུང་གོ་གུང་ཁྲན་ཏང་གིས་གངས་ལྗོངས་ས་མཐོའི་ཐོག་དམངས་གཙོའི་བཅོས་སྒྱུར་བཏང་ཞིང་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་ཀྱི་ལོ་ངོ་སྟོང་གི་ལྕགས་སྒྲོག་ལས་བསྒྲལ་ཏེ་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བ་དང་། མི་ལུས་ལ་རང་དབང་ཐོབ་ནས་བོད་ཀྱི་མི་དམངས་རྣམས་དུས་དེ་ནས་བཟུང་ཤེས་རིག་དང་ཡར་ཐོན་གྱི་འོད་སྟོང་འབར་བའི་ལམ་བུའི་ཐོག་བསྐྱོད་མགོ་ཚུགས་པ་རེད། ད་ཆའི་ཆབ་མདོ་ནི་སྤྱི་ཚོགས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དཔལ་འབྱོར་འཕེལ་རྒྱས། མི་དམངས་བདེ་སྐྱིད། སྐྱེ་ཁམས་བཟང་བ་སོགས་བོད་ཤར་ས་གཞི་ཆེ་མོའི་གང་སར་དབྱར་མཚོ་རྒྱས་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་པ་རེད།

ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། “དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ།“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”དམིགས་ཚད་འོས་འགན་དམིགས་ཏེ། སྤུས་ཚད་མཐོན་པོས“ལས་འགན་གྱི་འདེགས་སྐྱོར་ཆེ་མོ་དགུ”དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་བསྐྲུན་ཆེད་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་ཡོད།