འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རི་བོ་ཆེ་རྫོང་ཁྲ་མོ་གླིང་ཤང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པ་སྤེལ་བ་དང་། འགྲན་སྡུར་གྱིས་གཏམ་རྒྱུད་བཤད་པ་དང་། པར་ལེན་དེ་བཞིན་བརྙན་ཐུང་སྒྲིག་བཟོ་བཅས་གཞི་རྟེན་དུ་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མི་དམངས་མང་ཚོགས་དང་གྲྭ་བཙུན་ཧུར་ཐག་ངང་ཞུགས་པར་སྐུལ་འདེད་ཐེབས་ཡོད། ཐེངས་འདིའི་འགྲན་སྡུར་གྱིས་འགྲན་ཞུགས་བདམས་ཐོན་པ44དང་དེ་བཞིན་མང་ཚོགས850ལྷག་ལ་ཉམས་འགྱུར་མངོན་པ་དང་བརྩེ་སེམས་སྤེལ་རེས་བྱེད་པའི་གར་སྟེགས་བསྐྲུན་ཏེ“མོས་སེམས་ལྔ”ཆེ་རུ་ཕྱིན་པ་དང་། མི་རིགས་མཐུན་སྒྲིལ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིའི་རྣམ་པ་གསར་པ་འབྲི་བར་བསམ་པའི་སྒུལ་ཤུགས་བསྩལ་ཡོད་པ་རེད།

