འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས11པ་སླེབས་ཉེར་མཚམས་སུ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་དང་སྤུས་ཚད་ཆེ་རུ་གཏོང་ཆེད། ཟླ3པའི་ཚེས23ཉིན། གྲོང་ཁྱེར་སྲིད་གཞུང་གིས་སྣེ་ཁྲིད་བྱས་པའི“4·15”དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་གཏམ་བཤད་འགྲན་སྡུར་གྱི་ཚོགས་ཆུང་གཉིས་པའི་ཐོག་མའི་འགྲན་སྡུར་གྲོང་ཁྱེར་ཁྲལ་དོན་ཅུས་སུ་རྒྱལ་ཁའི་ངང་གཉེར་བ་རེད། ལས་རིགས་ཁག་ནས་ཡོང་བའི་འགྲན་ཞུགས་པ11གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཞེས་པའི་བརྗོད་དོན་གཙོ་བོར་དམིགས་པ་དང་། ལས་གནས་ཀྱི་འགན་འཁྲིར་གཞི་ཚུགས་པ། ལས་དོན་དང་འཚོ་བའི་དོན་དངོས་དང་འབྲེལ་ཏེ་སྤྲོ་སྣང་གིས་ཁེངས་ཤིང་བརྩེ་སེམས་ཀྱིས་ཕྱུག་ལ་གསོན་ཉམས་དོད་པའི་སྐད་ཆའི་ཐོག་ནས་ཆབ་སྲིད་ཀྱི་བདེ་འཇགས་དང་། དཔལ་འབྱོར་གྱི་བདེ་འཇགས། རིག་གནས་ཀྱི་བདེ་འཇགས། དྲ་རྒྱའི་བདེ་འཇགས་བཅས་ཀྱི་ཁྱབ་ཁོངས་གཙོ་བོའི་མཐའ་འཁོར་དུ་རང་ཉིད་ཀྱི་མྱོང་ཚོར་གླེང་བ་དང་ཉེ་འགྲམ་གྱི་གཏམ་རྒྱུད་བརྗོད་པ། ལག་ལེན་གྱི་བྱ་ཐབས་བཤད་པ་བཅས་བྱས་ཡོད།
ཚེས25ཉིན་གྱི་སྔ་དྲོ། གྲོང་ཨུད་དྲིལ་བསྒྲགས་པུའུ་ལས་ཁུངས་ཏང་ཀྲི་པུའུ་དང་། གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱི་ལས་ཁུངས་ཏང་ཨུད་ཀྱིས་སྣེ་ཁྲིད་དེ་གཙོ་སྒྲུབ་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ལས“4·15”དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་གཏམ་བཤད་འགྲན་སྡུར་གྱི་ཚོགས་ཆུང་བཞི་པའི་ཐོག་མའི་འགྲན་སྡུར་དེ་གྲོང་ཁྱེར་དཔེ་མཛོད་ཁང་དུ་སྤེལ་བ་རེད། འགྲན་ཞུགས་པ9ཡིས་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བར་དམ་པོར་དམིགས་པ་དང་། ལས་རིགས་ཀྱི་ཁྱད་ཆོས་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་གསོན་ཉམས་ལྡན་པའི་སྐད་ཆ་དང་སྤྲོ་སྣང་ལ་བརྟེན་ནས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་དང་། མི་དམངས་ཀྱི་འགོག་ཐིག་བརྟན་སྲུང་བྱེད་པའི་ལས་འགན་དང་འགན་འཁྲི་བརྗོད་དེ་རང་རེའི་གྲོང་ཁྱེར་གྱི་ལས་བྱེད་མང་ཚོགས་ཀྱིས་རྒྱལ་ཁབ་བདེ་འཇགས་སྲུང་བའི་ཆོད་སེམས་བརྟན་པོ་གང་ལེགས་མངོན་ཡོད།

