国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月27日

གྲོང་ཁྱེར་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུཌ་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས25ཉིན་གྱི་སྔ་དྲོ། གྲོང་ཁྱེར་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུཌ་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས2026ལོའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་ཐེངས2པ་འཚོགས་པ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ཝུའུ་དབྱིང་ཧུའེ་ཡིས་གཙོ་སྐྱོང་བྱས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། གྲོང་ཁྱེར་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སྒྲོལ་དཀར་དང་བློ་བཟང་རྒྱལ་མཚན་གཉིས་ཞུགས་ཡོད།

སློབ་སྦྱོང་ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཨུད་ཏང་གི་སློབ་གྲྭའི་སྤྱི་པའི་དོ་དམ་སློབ་དཔྱོད་ཁང་གི་ཀྲུའུ་རེན་གཞོན་པ་མཐོ་རིམ་འཆད་ཁྲིད་དགེ་རྒན་ཡང་དབྱིན་ཧུའེ་ཡིས་ཆེད་དོན་ཟུར་ཁྲིད་བྱས་ཡོད།

ཝུའུ་དབྱིང་ཧུའེ་ཡིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ། ལྟེ་བའི་གོ་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཏན་ཏིག་གིས་ཆེ་རུ་གཏོང་དགོས། ཟབ་སྦྱོང་མཐིལ་རྟོགས་ཁྲོད་རྒྱུན་ཆད་མེད་པར་ནུས་པ་དང་འཇོན་ཐང་ཆེ་རུ་བཏང་སྟེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ལས་ཀའི་སྤྱོད་ཚུལ་ལེགས་སུ་བསྒྱུར་བ་དང་ཁྲིམས་ལྟར་ལས་འགན་སྒྲུབ་པའི་དངོས་ཡོད་ཕན་འབྲས་སུ་འགྱུར་བར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།