国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月27日

རང་རེའི་གྲོང་ཁྱེར་གྱིས《བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ཟླ་ཆུའི་འགོ་ཁུངས་ཀྱི་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་དཔེ་སྟོན་རྣམ་གྲངས་ཀྱི་ལས་དོན་ཇུས་གཞིར》ཞིབ་འཇུག་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས23ཉིན། རང་རེའི་གྲོང་ཁྱེར་གྱིས《བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ཟླ་ཆུའི་འགོ་ཁུངས་ཀྱི་རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་དཔེ་སྟོན་རྣམ་གྲངས་ཀྱི་ལས་དོན་ཇུས་གཞིར》ཞིབ་འཇུག་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ལའོ་ཆིན་འུའུ་ཡིས་ཟླ་ཆུའི་འགོ་ཁུངས་ཀྱི་རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་། ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། ས་ཁོངས་མི་དམངས་ཀྱི་བདེ་སྐྱིད་བཅས་དང་འབྲེལ་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་འཚོའི་འདུ་འགོད་ཞིག་ཡིན། འབྲེལ་ཡོད་རྫོང་ཆུས་དང་ཚན་པས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། བསམ་བློ་དང་བྱ་སྤྱོད་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་ཐུབ་པར་སྐུལ་འདེད་གཏོང་དགོས་ཅེས་བསྟན།

ལའོ་ཆིན་འུའུ་ཡིས་འབྲེལ་ཡོད་ལས་ཁུངས་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཟླ་ཆུའི་འགོ་ཁུངས་ཀྱི་རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་དཔེ་སྟོན་རྣམ་གྲངས་ཀྱི་གལ་ཆེན་རང་བཞིན་ངོས་འཛིན་གཏིང་ཟབ་ཐུབ་པ། འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ《བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ཟླ་ཆུའི་འགོ་ཁུངས་ཀྱི་རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་དཔེ་སྟོན་རྣམ་གྲངས་ཀྱི་ལས་དོན་ཇུས་གཞི》ཁྲོད་ཀྱི་ཞིབ་ཕྲའི་ལས་འགན་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་དང་དོན་འཁྱོལ་བྱེད་པ། རྩ་འཛུགས་ཀྱི་འགན་ལེན་ཆེ་རུ་མཉམ་འཛིན་མཉམ་སྒྲུབ་ཀྱིས་རྣམ་གྲངས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། ཧུར་ཐག་གིས་ཆབ་མདོ་འདི་ཉིད་ཟླ་ཆུའི་འགོ་ཁུངས་རི་སྔོ་ཆུ་དྭངས་དང་མཛེས་སྡུག་གནས་འཚམ་གྱི་ཁྱིམ་གཞི་ཞིག་ཏུ་བསྐྲུན་དགོས་པའི་ནན་བཤད་གནང་ཡོད།