国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月27日

ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་དོན་ལ་ མཆན་བཀོད་མཛུབ་སྟོན་གནང་བ།

ཉེ་ཆར། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བ་རེད།

ཀྲོང་ཅིན་སུང་གིས2025ལོར་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་དོན་ཚན་པ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།

སྤྱི་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ལྷག་བསམ་རྣམ་དག་གིས་འགན་འཁྲི་འཁུར་བ་དང་དངོས་འཛིན་དངོས་སྒྲུབ་བྱས་པས་གསར་དར་ཁྱབ་ཁོངས་ཀྱི་ཏང་གི་འཛུགས་སྐྱོང་གནད་དཀྲོལ་ཉམས་འདོན་ལྡན་པ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། མང་ཚོགས་གཅིག་སྒྲིལ་དང་ཞབས་འདེགས་ཞུ་བའི་ལས་དོན་ལ་དྲོ་སོབ་སོབ་ཀྱི་སྣང་བ་ཡོད་པ་བཅས་བྱས་ཏེ་ཧུར་བརྩོན་ཆེན་པོས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”སྔོན་སྐྱོད་རུ་དཔུང་དང་གདོང་དམག་ཞིག་བྱེད་པར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད་ཅེས་བསྟན།

ཀྲོང་ཅིན་སུང་གིས2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཡིན་ལ།“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་མགྱོགས་མྱུར་ངང་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཡང་ཡིན། སྤྱི་ཚོགས་ལས་དོན་གྱི་མདུན་དུ་གནས་བབ་གསར་པ་དང་ལས་འགན་གསར་པ་ལྷགས་ཡོད་པས། ངེས་པར་དུ་ཁུར་ལེན་གསར་པ་དང་བྱ་སྤྱོད་གསར་པ་མངོན་པར་བྱེད་དགོས། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་དོན་ཚན་པ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོས་སྤྱི་འདོམས་དང་།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོས་སྣེ་ཁྲིད། སྤྱི་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་ལ་ལེགས་སྐྱེས་འབུལ་ཞིང་ལས་འགན་ཕྲག་ཏུ་འཁུར་དགོས་པའི་ནན་བཤད་གནང་ཡོད།

ཟླ3ཚེས23ཉིན། ཆབ་མདོ་གྲོང་ཁྱེར་གྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའུ་ཀྲང་གྲོང་ཨུད་ཏང་གི་སློབ་གྲྭའི་སློབ་གཙོ་ལིས་ཡུའེ་ཧུང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་ཚོགས་འདུའི་དགོངས་དོན་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་དེ་བཞིན་ཧྲུའུ་ཅི་ཀྲོང་ཅིན་སུང་གི་མཆན་བཀོད་མཛུབ་སྟོན་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2025ལོའི་ལས་དོན་ལ་ཕྱོགས་སྡོམ། 2026ལོའི་ལས་འགན་བཀོད་སྒྲིག་བཅས་བྱས་པ་རེད།