འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས24ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་དུ་བརྟག་ཞིབ་གནང་ནས་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ཡོད།
དཔྱིད་མགོ་ཚེས་ཏེ་གནམ་གཤིས་དྲོ་བར་གྱུར་བ་དང་། གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གི་ཚོད་ལྟའི་ས་ཞིང་ཐོག་ནས་ཀྱི་མྱུ་གུ་དང་རླམ་རྩྭ་ཕོ་སུལ་འབུས་ཏེ་གང་སར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་མཆིས།
ཀྲོང་ཅིན་སུང་ཞིང་ཐང་དུ་བསྐྱོད་དེ་ཞིང་འབྲོག་ཚན་རྩལ་ལས་དོན་པ་དང་བྱམས་བརྩེའི་གླེང་མོལ་བྱས་ཏེ་ཚན་རྩལ་ཞིབ་འཇུག་གི་གྲུབ་འབྲས་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།
ཏན་ཏིག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་བ། ས་ཁོངས་དང་ཐོན་ལས་ཀྱི་དགེ་མཚན་ལ་གཞི་ཚུགས་པ། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་ཤུགས་ཆེན་བྱེད་པ། མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ལས་མགྱོགས་མྱུར་ངང་བསྐྲུན་པ་བཅས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་བྱས་རྗེས་འཇོག་དགོས་པའི་ནན་བཤད་གནང་ཡོད།
ཀྲོང་ཅིན་སུང་གིས་ཞིང་འབྲོག་ལས་དེང་རབས་ཅན་དུ་འགྱུར་བའི་འགག་རྩ་ནི་ཞིང་འབྲོག་ལས་ཀྱི་ཚན་རྩལ་དེང་རབས་ཅན་དུ་འགྱུར་རྒྱུར་ཐུག་ཡོད། ཚན་རྩལ་ལ་ཐོན་སྐྱེད་ནུས་ཤུགས་དང་། ཐོན་ནུས། སྤུས་ཚད། ཕན་འབྲས་བཅས་དགོས་པ་དང་། ཚན་རྩལ་རྨང་གཞིའི་བཀོལ་སྤྱོད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། ཐོན་ཁུངས་དང་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་དམ་འཛིན་ཡག་པོ་བྱེད་ནས། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་པའི“ཉིང་ལྷེབ”བསྐྲུན་དགོས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་མགྱོགས་སུ་བཏང་སྟེ“ཐོན་སྐྱེད་ཀྱི་ཁྲོད་ནས་ཡོང་བ་དང་མི་སེར་གྱི་ཁྲོད་དུ་སྐྱོད་པའི”ལས་དོན་མཐའ་འཁྱོངས་ཀྱིས་ཐོན་སློབ་ཞིབ་སྤྱོད་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ཚན་རྩལ་གྲུབ་འབྲས་ལ“གཡུར་ཟའི་གྲུབ་འབྲས”ཐོབ་པ་བྱེད་དགོས། སྐུལ་ལྕག་བྱེད་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་ཚན་རྩལ་ལས་དོན་པས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ཚན་ཞིབ་བྱེད་པ་དང་བློ་གྲོས་འདོན་སྤེལ་བྱས་ཏེ་གཙང་གསུམ་ས་གཞི་ཆེན་པོ་དང་དམངས་སེམས་ལ་དཔྱད་རྩོམ་བྲིས་ཏེ། མང་ཚོགས་སྔར་ལས་མང་བར་ཐོན་འཕར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ནས་ཞིང་འབྲོག་ལས་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བ་དང་། ཞིང་འབྲོག་ཁུལ་ལ་སྡོད་གནས་སྐྱིད་ཅིང་ལས་ཀར་བརྩོན་པ། ཞིང་འབྲོག་མང་ཚོགས་ཕྱུག་པོ་ཆགས་པ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཡང་ཝུན་ཧྲེང་བརྟག་ཞིབ་ནང་ཞུགས་པ་རེད།

