འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས24ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱེད་པ་དང་། “མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་སྤྱད་དེ་རྣམ་གྲངས་ཀྱི་ཡུལ་དངོས་སུ་ཕེབས་ཏེ་དག་ཐེར་ལས་དོན་ལ་སྒྲུབ་སྐུལ་གནང་བ་རེད།
ཁ་རུབ་ཆུས་རྔེ་གཤིས་ཤང་སྤོམ་སྡེ་གྲོང་ཚོར། ཀྲོང་ཅིན་སུང་གིས་ཨར་འདམ་དང་གཏེར་རིའི་རྒྱུན་ལྡན་གྱི་སྔོག་འདོན་དང་། མཐའ་ཁུལ་བཅོས་སྐྱོང་། རྩྭ་རྩི་ཤིང་བསྐྱར་གསོ་སོགས་ཀྱི་གནས་ཚུལ་ལ་རེ་རེ་བཞིན་དུ་རྩིས་བཤེར་དང་སྒྲུབ་སྐུལ་གནང་ཞིང་། ཁོང་གིས་དག་ཐེར་ལས་དོན་ལ་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད་ཀྱང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བླང་བྱ་དང་ད་དུང་ཧེ་བག་ཡོད་པས། རང་བྱུང་གི་ཆོས་ཉིད་བརྩི་འཇོག་དང་། གནོན་ཤུགས་རང་སྤྲོད་བཅས་བྱས་ཏེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྐྱེ་ཁམས་སླར་གསོ་ཡོང་བར་ཚན་རིག་དང་མཐུན་པའི་ངང་སྐུལ་འདེད་གཏོང་བ་དང་། སྔོ་ལྗང་སླར་གསོ་དང་ཕན་འབྲས་མཐོར་འདེགས་བཏང་ནས་གཏེར་རིའི་སྐྱེ་ཁམས་ཁོར་ཡུག་སྐྱོང་གི་ཡུན་ཕན་སྒྲིག་གཞི་བསྐྲུན་དགོས་ཅེས་བསྟན།
ཀྲོང་ཅིན་སུང་གིས་སྐྱེ་ཁམས་བཟང་པོ་ནི་རྒྱུ་ནོར་ཆེ་ཤོས་དང་དམངས་འཚོའི་བདེ་སྐྱིད་ཐོབ་ཤོས་དེ་ཡིན་པས། བོད་ཤར་གྱི་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་ནི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་པ་མ་ཟད། ཆབ་སྲིད་ཀྱི་ལས་འགན་དེ་བས་ཀྱང་ཡིན།“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བ། བུ་རབས་ཚ་རྒྱུད་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལན་སྤྲོད་གནད་དོན་དག་ཐེར་རྒྱུན་མཐུད་ཀྱིས་དམ་འཛིན་བྱེད་དགོས། ལྟ་ཞིབ་ལན་སྤྲོད་གནད་དོན་གང་ལེགས་སྤྱད་དེ་ཉེན་ཟོན་སློབ་གསོ་སྤེལ་ནས་གྱོད་དཔེ་མེ་ལོང་དུ་འཛིན་པ་དང་། ཟུར་བསྟན་ལེབ་མཐོང་གིས་རི་བོ་སྐྱོང་བ་ནས་སྐྱེ་ཁམས་སྐྱོང་རྒྱུ་ཐུབ་པ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་བར་གྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་བྱས་ཏེ་ཐཱན་གཅོག་དང་། བཙོག་འཕྲི། ལྗང་བསྐྱེད། འཕར་སྣོན་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཀྱི“མཛེས་ཚད”དང་ཐོན་ལས་ཀྱི“ ལྗང་ཚད”ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་ཐོན་ཁུངས་ཁོར་ཡུག་གི་རིན་དོད་ཕན་ནུས་ལྡན་པའི་ངང་ཉུང་དུ་བཏང་ནས་ཆབ་མདོའི་རྩྭ་རྩི་ཤིང་དང་རི་ཆུ་ནགས་གསུམ་ལེགས་པོར་བསྲུང་དགོས་པའི་ནན་བཤད་གནང་ཡོད།

