国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月24日

ཀྲོང་ཅིན་སུང་གིས་ཆབ་མདོ་གྲོང་ཁྱེར་གྱི་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གི་ལན་སྤྲོད་བསམ་འཆར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱི་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གི་ལན་སྤྲོད་བསམ་འཆར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ནས《ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པའི་ལན་སྤྲོད་བསམ་འཆར་དག་ཐེར་དོན་འཁྱོལ་བྱ་རྒྱུའི་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཇུས་གཞི》སོགས་ཀྱི་ཡིག་ཆར་ཞིབ་འཇུག་དང་གྲོས་ཞིབ་བྱས་ཏེ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ཚོགས་འདུ་ཡིས་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པའི་ལན་སྤྲོད་གནད་དོན་བྱས་པའི་ཚུན་དུ། ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་དང་། མདུན་བཅར་བཀོད་འདོམས་གནང་བ་དེས་ང་ཚོས་དག་ཐེར་དམ་འཛིན་བྱེད་པར་མཛུབ་སྟོན་ནུས་ལྡན་བྱས་ཡོད།

རིམ་པ་ཁག་དང་ཚན་པ་ཁག་གིས་སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པའི་ཁར། བསམ་བློའི་ངོས་འཛིན་སྔར་བས་ཆེ་རུ་བཏང་ནས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དག་ཐེར་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་ཅེས་བསྟན།

ཚོགས་འདུ་ཡིས་འགན་འཁྲི་ནན་དཀྲིས་ཀྱིས་དག་ཐེར་དམ་འཛིན་བྱེད་དགོས་ཤིང་། རྣམ་འགྱུར་ཆེས་ནན་ཤོས་དང་། ཚད་གཞི་ཆེས་ནན་པོ། བྱ་ཐབས་ཆེས་ནུས་ལྡན། བྱ་སྤྱོད་ཆེས་མགྱོགས་ཤོས་ལ་བརྟེན་ནས་དོན་འཁྱོལ་དམ་འཛིན་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་ཏན་ཏན་ཏིག་ཏིག་གི་དག་ཐེར་གྱི་གྲུབ་འབྲས་མཐོང་ཐུབ་པ་བྱེད་དགོས། བདེན་བཏོན་མཐའ་སྐྱེལ་གྱིས་དག་ཐེར་དམ་འཛིན་བྱེད་དགོས་ཤིང་། ལྟ་སྐུལ་ཞིབ་བཤེར་ཤུགས་སྣོན་བརྒྱབ་ནས་ལས་འགན་ལ་ལྟ་སྐུལ་དང་། མྱུར་ཚད་ལ་ལྟ་སྐུལ། ཕན་འབྲས་ལ་ལྟ་སྐུལ་བཅས་བྱེད་པ་དང་། ངོས་འཛིན་ལ་ཞིབ་བཤེར་དང་། འགན་འཁྲིར་ཞིབ་བཤེར། སྤྱོད་ཚུལ་ལ་ཞིབ་བཤེར་བཅས་བྱས་ཏེ། དག་ཐེར་དོན་འཁྱོལ་བྱེད་པར་བདེན་བཏོན་མཐའ་སྐྱེལ་དང་། ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས།

རྩ་ལག་མཉམ་བཅོས་ཀྱིས་དག་ཐེར་དམ་འཛིན་བྱེད་དགོས་ཤིང་།“སྐབས་ཐོག་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས་”ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་རྣམས་ལམ་ལུགས་ཀྱི་ཚད་གཞིའི་ཐོག་ནས་བརྟན་པོ་བཟོ་དགོས་པ་དང་། “གནད་དོན་གཅིག་བཅོས་སྐྱོང་བྱེད་པ་དང་། ལམ་ལུགས་ཀྱི་དྲ་མིག་གཅིག་འགོག་པ། ལས་དོན་རིགས་གཅིག་གི་ཕན་འབྲས་མཐོར་འདེགས་གཏོང”ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད།