国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月24日

མཛོ་སྒང་རྫོང་སྨད་ཡུལ་ཤང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་སྲོལ་རྒྱུན་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་འགྲན་སྡུར་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས16ཉིན། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་སྨད་ཡུལ་ཤང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་སྲོལ་རྒྱུན་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་འགྲན་སྡུར་སྤེལ་ཞིང་། ཤང་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ8ཀྱི་མང་ཚོགས་ཧུར་ཐག་གིས་ཞུགས་ཏེ་གར་སྟེགས་གཅིག་ཏུ་འགྲན་སྡུར་བྱས་པས་བྱེད་སྒོ་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་ཅིང་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་རེད།

ཐེངས་འདིའི་འགྲན་སྡུར་ནི“སྲོལ་རྒྱུན་རྩལ་ནུས་འགྲན་སྡུར་གྱིས། དར་རྒྱས་འཆར་འགོད་རི་མོ་འབྲི”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ཞིང་། ས་གནས་དེ་གའི་ཞིང་འབྲོག་ས་ཁུལ་གྱི་ཐོན་སྐྱེད་འཚོ་བའི་དངོས་ཡོད་དང་ཟུང་འབྲེལ་བྱས་ཏེ། རྩམ་པ་འཐག་པ་དང་། མར་ལེན་པ། རྩིད་པ་འཁེལ་བ། གྱོན་གོས་བཟོ་བ་སོགས་མང་ཚོགས་དང་ཉེ་བར་བཅར་ཞིང་སྤྱོད་སྒོ་ཆེ་བའི་འགྲན་སྡུར་རྣམ་གྲངས་བཙུགས་ཡོད། འགྲན་ཞུགས་བདམས་ཐོན་པ་ནི་ལག་ཤེས་བཟོ་ལས་རྒྱུད་འཛིན་དང་ཕྱུག་འགྱུར་སྣེ་ཁྲིད་པ་སོགས་ཀྱི་ཚོགས་སྤྱིར་ཁྱབ་པ་དེས་དམངས་ཡོངས་ཞུགས་པ་དང་དམངས་ཡོངས་ཀྱི་མཉམ་སྤྱོད་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་མངོན་ཡོད།