ཟླ3པའི་ཚེས20ཉིན། དཔའ་ཤོད་རྫོང་གིས2026ལོའི་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ་དང་། དེའི་དམིགས་ཡུལ་ནི“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་གཏིང་ཟབ་ལག་ལེན་བསྟར་བ་དང་། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་འབོད་སྐུལ་བཏང་ནས་རྒྱལ་ཁོངས་ལྗང་སྒྱུར་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་རྒྱུ་དེ་རེད། རྫོང་དེ་གའི་འགོ་ཁྲིད་དང་རྒྱ་ཆེའི་ལས་བྱེད་མང་ཚོགས། སློབ་གྲྭའི་དགེ་སློབ་དེ་བཞིན་དང་བླངས་པ་བཅས་མཉམ་དུ་ཤིང་འཛུགས་བྱེད་སྒོ་ནང་ཞུགས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དཔའ་ཤོད་སྔོ་ལྗང་དུ་བསྒྱུར་བ་དང་། ཐུན་མོང་ཐོག་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་ལེའུ་གསར་པ་ཧུར་ཐག་རྩོམ་ཡོད། འདི་ནི་ཤིང་འཛུགས་བྱེད་སྒོའི་ཡུལ་དངོས་ཡིན་པ།

