国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月24日

ཆབ་མདོ་གྲོང་ཁྱེར་གྱི་ས་གནས་མང་པོས་དུས་གཅིག་ཏུ“འཛམ་གླིང་ཆུའི་ཉིན་མོ”དང“ཀྲུང་གོ་ཆུའི་གཟའ་འཁོར”གྱི་བརྗོད་དོན་དྲིལ་བསྒྲགས་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2026ལོའི་ཟླ3པའི་ཚེས22ཉིན་ནི“འཛམ་གླིང་ཆུའི་ཉིན་མོ”སྐབས་སོ་བཞི་པ་དང་། ཟླ3པའི་ཚེས22ཉིན་ནས་ཚེས28ཉིན་ནི“ཀྲུང་གོ་ཆུའི་གཟའ་འཁོར”སྐབས་སོ་དགུ་པ་རེད། ཉིན་དེར། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་དང་། རི་བོ་ཆེ་རྫོང་གིས“རྒྱལ་ཁབ་ཀྱི་ཆུ་དྲ། དུས་རབས་ལེའུ”ཞེས་པ་བརྗོད་དོན་གཙོ་བོར་དམིགས་ཏེ། དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་དུས་གཅིག་ཏུ་སྤེལ་བ་དང་། དྲ་ཐོག་དྲ་ཕྱི་མཉམ་འགུལ་གྱིས་དམངས་ཡོངས་ཆུ་ལ་དགའ་བ་དང་། ཆུ་ལ་གྲོན་ཆུང་། ཆུ་ལ་སྲུང་སྐྱོབ་བྱེད་པའི་རྣམ་པ་བཟང་པོ་ཞིག་བསྐྲུན་ཡོད།

སྟེང་ཆེན་རྫོང་དབྱར་རྩྭ་དགུན་འབུ་ཐང་ཆེན་དུ་དྲིལ་བསྒྲགས་ས་ཚིགས་བཙུགས་ཏེ་དྲིལ་སྒྲོག་སྦྱར་ཡིག་འགེལ་བ་དང་། དཔྱད་གཞིའི་དངོས་པོ་སྤྲད་པ། དྲི་བར་ལན་འདེབས་པ། LEDབརྙན་ཤེལ་ལས་སྤྱི་ཕན་བརྡ་ཁྱབ་གཏོང་བ་སོགས་བརྒྱུད་དེ། དྲ་ཐོག་དང་དྲ་ཕྱིས་མཉམ་དུ་དྲིལ་བསྒྲགས་བྱས་ཡོད། ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་། ཆུར་གྲོན་ཆུང་། མཚོ་དང་མཚེའུ་དོ་དམ། འཐུང་ཆུའི་བདེ་འཇགས་སོགས་ཀྱི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ནང་དོན་ལ་དམིགས་ཏེ་ཆུའི་ཐོན་ཁུངས་དོ་དམ་དང་། ཁྱིམ་ཚང་གི་འཕྲོད་བསྟེན། བདེ་ཐང་འཚོ་བའི་ཁྲོད་ཀྱི་འབྲེལ་བར་གསལ་འགྲེལ་བྱས་ཡོད།

བྱེད་སྒོ་ཡིས་དྲིལ་བསྒྲགས་དཔྱད་ཡིག600ལྷག་དང་། དྲིལ་བསྒྲགས་དངོས་པོ300ལྷག་སྤྲད་དེ་བློ་འདྲི་མཁན་གྱི་མང་ཚོགས3དང་ལེན་བྱས་ཏེ་ཕན་འབྲས་མངོན་གསལ་ཐོབ་ཡོད།

རི་བོ་ཆེ་རྫོང་གིས་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུས་སྣེ་ཁྲིད་དེ་ཚན་པ་མང་པོ་དང་མཉམ་འབྲེལ་ཐོག་རྫོང་སློབ་འབྲིང་དང་། མི་རིགས་ལམ་གྱི་སྡེ་ཁུལ་དུ་བསྐྱོད་དེ་དྲིལ་བསྒྲགས་བྱས་ཡོད། རྫོང་སློབ་འབྲིང་དུ་ཆུའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་གཅིག་སྡུད་སྒྲོག་འགྲེལ་སྤེལ་ཏེ་ཐུན་མོང་མ་ཡིན་པའི་ཐོན་ལས་དང་འབྲེལ་ནས་ཆུ་གྲོན་ཆུང་གི་ཤེས་བྱ་ཁྱབ་གདལ་དུ་གཏོང་ཞིང་། དྲི་བ་དྲིས་ལན་གྱི་ལམ་ནས་དགེ་སློབ་ཀྱི་ཤེས་བྱ་གཏིང་ཟབ་བཏང་ལ། དྲིལ་བསྒྲགས་འགྲེམས་པང4བཀོད་པ་དང་། དྲིལ་བསྒྲགས་དངོས་པོ1200ལྷག་སྤྲད་པ། བློ་འདྲི་བྱེད་མཁན་མི80ལྷག་དང་ལེན་བྱས་ཏེ་དགེ་སློབ620ལ་ཕན་པ་ཐོབ་ཡོད།