འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས19ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི2026ལོའི་སློབ་སྦྱོང་ཚོགས་འདུ་ཐེངས2པ་གཙོ་སྐྱོང་གནང་ནས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་ལས་དོན་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
ལའོ་ཆིན་འུའུ་ཡིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་འགན་གལ་ཆེན་དང་འདུ་འགོད་གཙོ་བོ་ཞིག་ཡིན་ལ། ཆབ་མདོའི་འཕེལ་རྒྱས་ཀྱི་འགག་རྩ་སེལ་བ་དང་། བཅོས་སྐྱོང་ནུས་པ་ཆེར་གཏོང་། འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་འགྲིལ་བའི་ངེས་པར་དུ་བརྒྱུད་ངེས་ཀྱི་གདམ་ག་ཞིག་ཀྱང་ཡིན། ངེས་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སྲིད་གཞུང་ལས་དོན་གྱི་ཕྱོགས་མང་པོ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། འགན་ནུས་ཚན་རིག་དང་མཐུན་པ་དང་། དབང་འགན་ཁྲིམས་བཀོད་ཡིན་པ། ཁྲིམས་འཛིན་དམ་ནན་ཡིན་པ། ཡོངས་བསྒྲགས་དྲང་གཞག རིག་ནུས་ཕན་ཆེ། སྤྱོད་གཙང་ཡིད་རྟོན། མི་དམངས་བློ་ཡིད་ཚིམ་པ་བཅས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ཧུར་ཐག་བྱེད་པ་དང་། དངོས་ཡོད་བྱ་སྤྱོད་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས་ཅེས་བསྟན།

